e-texts navigator
Collection
Volume
Page
Wylie

279b1 དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སཅལ་ཏོ།། ཀུན་ཏུ་དཔའ་བ་སེམས་ཅད་གཉིས་པོ་འདི་དག་ནི་ཆོས་ཀྱིས་ཡོངས་སུ་སྒོམ་པ
279b2 ཡིན་ཏེ། གཉིས་གང་ཞེ་ན། ཀུན་ཏུ་དཔའ་བ་འདི་ལྟ་སྟེ། གཅིག་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའོ།། ཀུན་ཏུ་དཔའ་བ་གཉིས་པ་ནི་གང་ཆོས་ཐོས་ཏྲ། སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡང་དག་པར
279b3 རབ་ཏུ་སྟོན་པའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཆོས་ཐོས་ནས། སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡང་དག་པར་རབ་ཏུ་སྟོན་པ་གང་ལགས།། བཅོམ་ལྡན
279b4 འདས་ཀྱིས་བཀའ་སཅས་དཔ། ཀུན་ཏུ་དཔའ་བ་གཅིག་ནི་ཆོས་ཐོས་ནས་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། ནམ་བྱང་ཆུབ་ཏུ་ཡོངས་སུ་སྔོབ་དེ་ན། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཆོས་ཀྱིས་ཡོངས་སུ་སྒོམ
279b5 བ་ཡིན་ནོ།། ཀུན་ཏུ་དཔའ་བ་གཉིས་པ་ནི་གང་ཐེག་པ་ཆེན་པོ་ལ་འཇུག་པ་སྟེ། རྟག་ཏུ་ཡང་ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡི།། ན་ནོ།། དེ་ནས་ལྷ་དང་། ཀླུ་དང་། མྱི་དང་། ལྷའི་བུ་མོ་བྱེ
279b6 བསྟན་ལས་ཡངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་ཆོས་ཀྱིས་ཡོངས་སུ་སྐོམ་ཞིང
279b7 མཆིས་མ། བཅོམ་ལྡན་འདས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱི་སྡེ་འཛུམ་པ་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ
279b8 སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བསྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ད་པ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོཡང་ཏོ།། བཅོམ་ལྡན་འདས་མཛུམ་པ
279b9 མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔལ་བ་ལ་བཀའ་སཿལད་པ། ཀུན་ཏུ་དཔའ་བ་སེམས་ཅན་གང་དག་འདིར་ལྤགས




iiif viewer powered by OpenSeadragon

279a - 280a

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs