e-texts navigator
Collection
Volume
Page
Wylie

279a1 ཐམས་ཅད་ནི་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ།། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་མཐོང་བ་དང་། གྱི་འབྲལ་བར་འགྱུར་རོ།། དེ་དག་ཐམས་ཅད་མི་ཐ་མ་མྱེད་པ་ཡང་དག་པར་རྫོགས
279a2 བའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་དག་ཐམས་ཅད་ཀྱིས་དགེ་བའི་ཆོས་གང་འཐོབ་པར་འགྱུར་བ་དེ་དག་བདུད་སྡིག་ཅན་གྱིས་མྱི་རྫི་བར་འགྱུར་རོ།། ཀུན་ཏུ་དཔའ་བ་གང་དག་ཟུང་གི་མདོལ
279a3 འདི་ཐོས་པ་དེ་དག་ཐམས་ཅད་སྐྱེ་བ་དང་འགག་པ་ཤེས་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དེའི་ཚེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ད་ནས་པུས་མོ་གཡས་པའི
279a4 ལྷ་པས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་མཆིས།། བཅོམ་ལྡན་འདས་ཀྱིས་བཀའ་སཿས
279a5 པ། རིགས་ཀྱི་བུ་དག་སངས་རྒྱས་གཅིག་གི་བསོད་ནམས་ཀྱི་ཕུ། ང་པོའི་ཚད་ནི་ཉོན་ཅིག། འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོའི། ཆུའི་ཐིགས་པ་དང་། འཛམ་བུའི་གླིང་གི་རྡུལ་ཕྲ་རབ་ཇི་སྙེད་པ
279a6 དང་། གང་ཀའི་ཀླུང་གི་བྱེ་མ་དང་མཉམ་པ་དེ་དག་ཐམས་ཅད་ས་པ་ནུ་ལ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་ད་པའི་བྱང་ཆུབ་སེ་མས་དཔའ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བས
279a7 རི། སངས་རྒྱས་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་ངོ་པོ།། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སེམས་ཅད་རྣམས་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཀྱང་ཆེས་མང་དུ་སྐྱེད་པར་འགྱུར་ཏེ། དེའི་བསོད་ནམས
279a8 ཀྱི་ཕུང་པོ་ཇི་སྙེད་པ་ནི་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མྱི་ནུས་སོ།། ཀུན་ཏུ་དཔའ་བ་དེའི་ཚེ་དེའི་དུས་ན་གང་ཚིག་འདི་ཐོས་ནས་སྤྲོ་བ་ཆེན་པོར་འགྱུར་བ་དེ་ནི། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མྱེད་པ་སྐྱེས་པར་འགྱུར
279a9 རོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཀང་ཆོས་ཀྱིས་ཡོངས་སུ་སྒོམ་པར་འགྱུར་བ་དེ་དག་གང་ལགས




iiif viewer powered by OpenSeadragon

278b - 279b

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs