| e-texts navigator |
| Wylie |
278b1 ནི་དགེ་བའི་ཆོས་རྣམས་ལ་མངོན་པར་འཚོན་ཞིང་ཁྱད་པར་དུ་འཕགས་པ་ཐོབ་པར་འགྱུར་ཏེ། དགེ་བའི་ཆོས་རྣམས་ལས་མྱི་ཉམས། ཡོངས་སུ་མྱི་ཉམས་ཞིང་། ཡོངས་སུ་ཉམས་པར་མྱི་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི
278b2 ཚུལ་ལ་འཇུག་པ་དེ་ལེགས་པར་བཤད་དུ་བསོལ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུམ་ཏུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སཿ་ཡད་ཏོ།། ཀུན
278b3 ཏུ་དཔའ་བ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི། ཀུན་ཏུ་དཔའ་ཁ་ལེགས་སོ།། ལེགས་སོ།། ཀུན་ཏུ་དཔའ་བ་ཁྱོད་དེའི་ཕྱིར་ལེགས་པར་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོདམ་ལ་བཤད་དོ།།
278b4 བཅོམ་ལྡན་འདས་དེ་བཞིན་ནོ།། ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས
278b5 བཀའ་ཨཿལད་ཏོ།། ཀུན་ཏུ་དཔའ་བཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀང་དེ་ལྟར་ཡང་འཛམ་བུའི་གླིང་ན་མྱོད་པ་ཞིག་ཡོད་དེ། ག་པ་ལ་ལ་ཞིག་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། དེའི
278b6 མཚམས་མྱེད་པ་ལྔའི་ལས་རྣམས་འབྱུང་ཞིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པར་འགྱུར་རོ།། ཀུན་ཏུ་དཔའ་བ་འདི་ཇི་སྙམ་དུ་སེམས། གང་གིས་ཟུང་གི་མདོ་འདི་ཐོས་པ་དེ་བཞིན
278b7 གཤེགས་པ་གཅིག་གི་བསོད་ནས་ཀྱི་ཕུང་པོ་ཇི་སྙེད་པ་དེ་སྙེད་སྐྱེད་པར་འགྱུར་རོ་སྙམ་ན་ཡང་། ཀུན་ཏུ་དཔའ་བ་དེ་ལྟར་མྱི་བལྟའོ།། ཀུན་ཏུ་དཔའ་བས་གསོཡོད་པ། འོན་ཇི་ལྟར་བལྟ་བར་བགྱི།། བཅོམ་ལྡན
278b8 འདས་ཀྱིས་བཀའ་ཨཿལད་པ། ཀུན་ཏུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཀའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པར། བྱང་ཆུབ་སེམས
278b9 དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་བསོད་ནམས་ཀྱི་ཕུང་པོ་ཡང་དེ་སྙེད་སྐྱེད་པར་འགྱུར་རོ།། ཀུན་ཏུ་དཔའ་བ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ཐམས་ཅད་ནི་ཕྱིར་མྱི་ལྡོག་པར་འགྱུར་རོ།། དེ་དག