e-texts navigator
Collection
Volume
Page
Wylie

278a1 བུ་ཁྲི་ཉི་སྤྱོང་དང་། ཀྭའི་བུ་མོ་བརྒྱད་སྟོང་ལ་འདི་ལྟ་སྟེ། ཀའི་བུ་མོ་མ་ལྡན་དང་། ལྷའི་བུ་མཛེས་ལྡན་དང་། ཀྭའི་བུ་མོ་བདག་ཉིད་ཆེ་ལྡན་དང་། ལྷའི་བུ་མོ་ཕྱག་ལྡན་དང་། ལྷའི་བུ་མོ་སྐྱེ་དགུའི་བདག་མོ་གནས
278a2 པ་དང་། ལྷའི་བུ་མོ་སྟོབས་འཛིན་ད་དང་། ལྷའི་བུ་མོ་ནོར་དཔལ་དང་། ལྷའི་བུ་མོ་ལ་ཀ་པ་བཟང་ལྡན་དང་། དེ་ལས་མཚོགས་པ་ལྷའི་བུ་མོ་བརྒྱད་སྟོང་དང་། ཀླུའི་རྒྱལ་མོ་བརྒྱད་སྟོང་ལ། འདི་ལྟ་སྟེ། ཀླུའི་རྒྱལ་ལོ་སོག་མ་མྱེད
278a3 དང་། ཀླུའི་རྒྱལ་པོ་ཨེ་ལའི་ལོ་མ་དང་། ཀླུའི་རྒྱལ་པོ་ཉ་མྱིང་དང་། ཀླུའི་རྒྱལ་པོ་བུམ་པའི་སྙིང་པོ་དང་། ཀླུའི་རྒྱལ་པོ་བུམ་པོ་མགོ་དང་། ཀླུའི་རྒྱལ་པོ་དགེ་བྱེད་དང་། ཀླུའི་རྒྱལ་པོ་ཤ་ནིད་ཏུ་དགའ་བ་དང་། ཀླུའི་རྒྱལ་པོ་འདབ་བཟངས
278a4 དང་། ཀླུའི་རྒྱལ་པོ་གླང་པོའི་མགོ་དང་། དེ་ལས་མསོགས་པ་ཀླུའི་རྒྱལ་པོ་བརྒྱད་སྟོང་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེ་དག་ཐམས་ཅད་ཀྱང་རྒྱལ་པོ་འོ་ཁེ་བ་ག་ལ་བ་དང་། བྱ་རྒོད་ཀྱི་ཕུང་པོའི་རིག་ལ་བ་དང་། བཅོམ་ལྡན
278a5 འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབ་དེས་ལ། མགོའ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུ་མ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར
278a6 པ་དང་། བཅོམ་ལྡན་འདས་ཅད་མྱི་གསུང་བར་གྱུར་ད་པས་གནང་ངོ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟ་ན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས
278a7 མོ་གཡས་པའི་ལྷ་བས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་ལ་དེ་ལོགས་སུ་ཐལ་མོ་སྦྱར་ད་པ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ལྷ་བྱེ་བ་དང་། ལྷའི་བུ་མོ་བྱེ་བ
278a8 མང་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་མང་པོ་དང་། བཅོམ་ལྡན་འདས་ཉན་ཐོས་བྱེ་བ་མང་པོ་དང་། ཀླུའི་རྒྱལ་པོ་རྣམས་ཀྱང་ཆོས་ཉནད་པའི་སླད་དུ་འདུས་ནས་འཁོད་ཅིང་མཆིས་ནས། དེ་བཞིན་གཤེགས་པ་དགྲ
278a9 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་ཚུལ་ལ་འཇུག་པ་ཇི་ལྟ་བུས་སེམས་ཅན་རྒན་པ་རྣམས་ནི་ཐོས་མ་ཐག་ཏུ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བ་དང་། སེམས་ཅན་གཞོ་ནུ་རྣཾས




iiif viewer powered by OpenSeadragon

277b - 278b

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs