| e-texts navigator |
| Wylie |
10a1 ཅན་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མྱེད་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་འམས་བདེ་བ་ཅད་དུ་སེམས་ཀྱིས་སྨོན་པར་བྱེད་པ་འམ། བྱས་པ་འམ་བྱེད་པར་འགྱུར་བ
10a2 དེ་དག་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་གོ། ཕྱིར་མ་ལོག་གོ།། ཕྱིར་མྱི་ལྡོག་པར་འགྱུར་རོ།། ཤཱ་རིའི་བུ་ཇི་ལྟར་ངད་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡོན
10a3 ཏན་བསམ་གྱིས་མྱི་ཁྱབ་པ་ཡོངས་སུ་བརྗོད་པ་དེ་བཞིན་དུ། ཤ་རིའི་བུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་། ངའི་ཡོན་ཏན་བསམ་གྱིས་མྱི་ཁྱབ་པ་ཡོངས་སུ་བརྗོད་དོ།། ཤ་རིའི་བུས་གསོལ་པ
10a4 བཅོམ་ལྡན་འདས་ཤག་ཀྱ་ཐུབ་པ་ཤག་ཀྱའི་རྒྱལ་པོས་བསྐལ་པའི་སྙི་གས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། ཚེའི་སྙིགས་མའི་ཚེ། འཇིག
10a5 རྟེན་གྱི་ཁམས་མྱི་མཇེད་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱ།། ང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། འཇིག་རྟེན་ཐ། མས་ཅད་དང་མྱི་འཐུན་པའི་ཆོས་བསྟནད་པ་ནི་ངོ་མཚར་ལགས་སོ།
10a6 བཅོམ་ལྡན་འདས་ཀྱིས་བཀའ་ཡཎྜལ་པ། ཤ་རིའི་བུ་སྙིགས་མ་ལྔ་འི་ཚེ། འཇིག་རྟེན་དུ་ངས་གང་འཇིག་རྟེན་གྱི་ཁམས་མྱི་མཇེད་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས
10a7 པར་སངས་རྒྱས་ཏེ། འཇིག་རྟེན་ཐམས་ཅད་དང་མྱི་འཐུན་པའི་ཆོས་བསྟནད་པ་དེ་ནི་མཆོག་ཏུ་དཀའ་བ་བྱེད་པའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སཿལ་ནས། ཚེ་དང་ལྡན་པ་ཤ་རིའི་བུ་དང་། ཉན་ཐོས
10a8 ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མྱི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས
10a9 པ་བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོའོ། རྫོགས་སྷོ།། @། རྒྱ་གར་སྐད་དུ། ཨཱརྱ་བཛྲ་དཱ་ཛ་པ་རིན་མ་ན།། བོད་སྐད་དུ། འཕགས