e-texts navigator
Collection
Volume
Page
Wylie

123a1 པ་དང་གཤོགས་ཐབས་རྒྱ་མཆོག་གོང་བང་པོ་འདུག་མ་ཆུབ་པ། སྲུང་།པྲལ་བ་ཚདོ་།བ་ཁྱམ་པ་འདྲམ་ཐག་ལོ་མང་ག།ཕྱག་བུ་མར་སྐབས་གྲཝ་སྐྱོན་མ
123a2 མཆད་པ།ཤངས་མཐོ་བ།མགུར་བུམ་པའི་མགྲིན་པ་འདྲ་བ།ཕྱག་སོར་མོ་དང་ཚིགས་རིང་བ།སྲིན་མོ་འཇམ་ཞིང་ཟངས་ཀྱི་མདོག་འདྲ་བ།ཕྱག་དྲ་བས་འབྲེལ་པ།ཕྱག་དང་ཞབས་ཀྱི་མཐིལ་འཁོར
123a3 ལོས་བརྒྱན་པ།སྟོན་ཀའི་པདྨ་འདྲ་བ།སྐུ་འཇམ་ཞིང་རྒྱས་པ།ཚངས་པ་ལྟར་དབྱངས་ཟབ་ལ།ཡིད་དུ་མཆི་བ།སྡུག་པ།བཀྟ་ན་སྡུག་ལ།ཉམས་དགའ་བར་བགྱིད་པ།འོད་པདྨ་འདྲ་བ།པདྨ་ལས
123a4 འཁྲུངས་པ།པདྨ་ལས་བྱུང་བ།པདྨའི་གདན་ལ་བཞུགས་པ།ཕྱག་ན་པདྨ་མངའ་བ།ཕྱག་ན་རིལ་བའི་སྤྱི་བླུགས་བསྡམས་པ།རི་དྭགས་ནག་པོའི་གླགས་པ་བན་བས་པ།ཕྱག་མཁོར་བསྣམས་པ
123a5 བགྲང་བའི་ནོར་བུ་བསྡམས་པ།གཙང་བ་སྤངས་པ།གསོང་པོར་གསུང་བ།བདུད་རྩིའི་ཆར་འདེབས་པ།ཡིད་བཞིན་ནོ་རི་བྱ་ལྟ་བུ།བལྟན་སྡུག་པའི་ཤིང་འདྲ་བ།སེམས་ཅན་ཐམས་ཅད་མོས་པར་མཛད
123a6 པ།དགའ་བར་མཛད་པ།སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ།སངས་རྒྱས་ཀྱི་སྤྲུལ་པ།བདེ་བར་གཤེགས་པའི་ཆ་བྱད་མངའ་བ།བདེ་བར་གཤེགས་པའི་རིང་བསྲེལ་འཛིན་པ།སྤུ་རེ་རེ་སྐྱེས་པ
123a7 སེམས་ཅན་གྱི་སྙིང་པོ།བསོད་ནམས་མཛད་པ།དགེ་བ་མཛད་པ།ངེས་པར་མཛད་པ།བརྩོན་འགྲུས་འབར་བ།འཁོར་བ་ལོས་ཤིན་ཏུ་འདས་པ།དམ་པའི་ཆོས་ལ་རྒྱལ་ཚབ་ཏུ་དབང་བསྐུར་པོ།སྒྲོལ




iiif viewer powered by OpenSeadragon

122b - 123b

Texts on this page

N775 - 'phags pa spyan ras gzigs dbang phyug gi mtshan brgya rtsa brgyad pa zhes bya ba