e-texts navigator
Collection
Volume
Page
Wylie

121b1 ཏེ།སུ་རུ་སུརྱ།དྷུ་རུ་དྷུ་རུ།མེ་དྷ་ཝཱ་ན་ཡ་སཱཉྫ།ཆོ་ག་ནི་ནང་རེ་ཞིང་བཟླས་བརྗོད་བྱས་ན།ལོངས་རྐྱེན་པར་འགྱུར་རོ།།སྨན་བྲམ་ཧི་ཀྵེ་པྲ་པར་བཞུག།སྟེ་དུད་པ་བྱུང་གི་བར་དུ་བཟླས་པ་བྱས་ཏེ།ཟས་ན་ཐོས་པ་འཛིན་པར།།
121b2 འགྱུར་རོ།།ཐོས་པ་འཛིན་པའི་གཟུངས་རྫོགས་སོ།།།རྒྱ་ག་སྐད་དུ།བྷ་ག་ཝཱན་ཨ་མེ་ཏ་བྷདྷཱ་ད~ཾ་ཎི་མནྟ།འོད་སྐད་དུ།བཅོམ་ལྡན་འདས་ལྔ་འི་མཐའ་ཡས་ཀྱི་གཟུས་སྔགས།བཅོམ་ལྡན་འདས
121b3 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ།།ཏདྱ་ཐཱ། མི་ཏེ། མི་ཏོད་བྷ་བེ། མི་ཏ་སཾ་བྱ་བེ། མི་ཏབི་ཀྲཱན་ཏཾ་ཀ་རེ། མིཏ
121b4 ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ།གཟུངས་འདིའི་ཡོན་ཏན་ནི་བསྐལ་བ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་འདི་ལན་གསུམ་བཟླས་བརྗེད་བྱས་ན་སྒྲིབ་པ་དེ་རྣམས་ཟད་པར་འགྱུར་རོ།།
121b5 ལན་ཉི་ཤུ་རྩ་གཅིག་བཟླས་ན་རྩ་བ་བཞིའི་ལྟུང་བ་ཡང་ཡོངས་སུ་བྱང་བར་འགྱུར་ཏེ།སངས་རྒྱས་སྟོང་ལ་དགེ་བའི་རྩ་བ་བསྐྲུན་པར་འགྱུར་རོ།།བཅོམ་ལྡན་འདས་སྣང་བ་མཐའ་ཡས་རྗེས་སུ་དྲན་པ་ལ་ཕྱག་འཚལ
121b6 ལོ།།ན་མོ་རཏྣ་ཏྲ་ཡཱ་ཡ།མ་ཧཱི་དུ་ཧི་ཀ་སྭཱ་ཧཱ།ལུས་ལ་ནང་བྱུང་བ་དང་།ནད་ཁོང་བསྐམས་སུ་གྱུར་ཀྱང་རུང་སྟེ།ལན་ཉི་ཤུ་རྩ་གཅིག་བསྔགས་ཏེ།བསིལ་ཡབ་ཀྱི་དེ་ལ་གཡབས་ན་ནད་མེད་པར་འགྱུར་རོ།།གཟུང
121b7 དེ་གསུངས་མ་ཐག་ཏུ་འཁོར་ཐམས་ཅད་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་གཟུངས་རྫོགས་སོ།།




iiif viewer powered by OpenSeadragon

121a - 122a

Texts on this page

N773 - thos pa 'dzin pa'i gzungs
N774 - bcom ldan 'das snang ba mtha' yas kyi gzungs sngags