| | e-texts navigator
|
117a1 དུས་མ་ཡིན་པར་འཆི་བ་དང་།སྠང་བུདྡྷེམ་བྷ་ཀ་དང་།ཏྲཻལ་ཏ་དང་།སྡིག་པ་དངག་སྦྲུལ་དང་།སྲྀ་མང་དང་།སོང་གཱ་དང་།སྟག་དང་།རྣམ་དང་།དྲོད་དང་།སྤྱོ་ཀཽ་དང་།ཆུ་སྐྱོན་དང་།
117a2 བོའི་བུ་ལྟ་བུས་གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ།།གཟི་བརྗིད་བཅིང་བར་བགྱིའོ།།གཞན་གྱི་རིག་སྔགས་བཅིང་བར་བགྱིའོ།།གདོན་ཐམས་ཅད་བཅིང་བར
117a3 བྱའོ།།ཏདྱ་ཐཱ།ོཾ་ཨ་ན་ལེ།ོཾ་ན་ལེ་བི་ཥ་དེ།བི་ཥ་དེ།བཻ་ར་བཻ་ར།བཛྲ་དྷ་རི།བཱནྡ་བནྡྷ་ནི།བཛྲ་པཱ་ཎི་ཧཱུཾ་ཕཊ།ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།ཧཱུཾ་ཧཱུཾ་ཕཊ།བནྡྷ་ཕཊ་ཕཊ་སྭཱ་ཧཱ།སུས་དེ་བཞིན་གཤེགས་པའི་གཙུག
117a4 ཚོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་བཟློག་མ་ཆེན་པོ་འདྲི་གྲོ་ག་འམ།རས་སམ་ཤིང་ཤུན་ལ་བྲིས་ཏེ།ལུས་སམ་མགུལ་དུ་བཏགས་ན་དེ་ཇི་སྲིད་འཚོའི་བར་དུ་དུག་གིས་མི
117a5 ཚུགས།མཚོན་གྱིས་མི་ཚུགས།མེས་མི་ཚུགས།ཆུས་མི་ཚུགས།དབྱིས་དྲུག་གིས་མི་ཚུགས།དུག་སྦྱར་མས་མི་ཚུགས།བྱད་ཀྱིས་མི་ཚུགས་སོ།།དུས་མ་ཡིན་པར་འཆི་དུས་བྱེད་པར་མི་འགྱུར
117a6 རོ།།གདོན་ཐམས་ཅད་དང་།བགེགས་དང་།རྣམ་པར་ལོས་འདྲེན་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ།།རྡོ་རྗེའི་རིགས་བྱེ་བོ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་དེ་ལ་སྲུང་བ་དང་།
117a7 བསྒྲུབ་པ་དང་།སྦེད་པར་བྱེད་དེ།དེ་རྣམས་ཀྱི་ཡིད་དུ་འོང་བ་དང་།དགའ་བར་འགྱུར་རོ།།བསྐལ་བ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་སྐྱེ་བ་དྲན་པར་འགྱུར་རོ།།ནམ་དུ་ཡང་གནོད་སྦྱིན་དང་།སྲིན་པོ་དང་།ཡི་དྭགས
iiif viewer powered by OpenSeadragon
116b - 117b