| | e-texts navigator
|
112a1 ཏུ་།རྒྱུ་ས་མ་། ན་ན་ལུས་བ་ཏུ་ས་།བློ་ནན་ཚུན་བཞོན་མ་ཤགས་ལ་མ་ནས་བྱུང་འོ་དུ་ས་།
112a2 གཞན་གྱིས་མི་ཐོབ་པོའི་གཟུངས།དཀོན་མཆོག་ག་ལ་ཕྱག་འཚལ་ལོ།།འདི་སྐད་དེ་དག་གི་ཐོས་འདུས་གཅིག་ན།བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷོའི་གནས་ནི་ཆོས་བཟང་ལྷའི
112a3 མདུན་ས་ན།དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའི་དགེ་འདུན་དང་།ལྷའི་དབང་པོ་བརྒྱ་བྱིན་དང་།ཐབས་གཅིག་ཏུ་བཞུགས་སོ།།དེའི་ཚེ་བཅོམ་ལྡན་འདས་གདན་བཤམས་པ་ཉིད
112a4 ལ་བཞུགས་ཏེ།གཙུག་ཏོར་རྣམ་པར་ལྟ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།།སྙོམས་པ་ན་ཞུལས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འདི་དག་བྱུང་ངོ་།།
112a5 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།སངས་རྒྱས་ལ་ཕྱག་འཚལ་ལོ།།ཆོས་ལ་ཕྱག་འཚལ་ལོ།།དགེ་འདུན་ལ་ཕྱག་འཚལ་ལོ།།ཡང་དག་པར་རྫོགས་པའི་སངས
112a6 རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ།།འཇིང་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ།།རྒྱུན་ཏུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།།ལན་ཅིག
112a7 ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ།།ཕྱིར་མེ་འོང་བ་རྣམས་ལ་ཕྱག་འཚལ་ལོ།།འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ།།ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།།ལྷའི
iiif viewer powered by OpenSeadragon
111b - 112b