e-texts navigator
Collection
Volume
Page
Wylie

267a1 སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས་མཐར་ཕྱིན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།།རྡོ་རྗེ་སེམས་པའི་སྒྱུ་འཕྲུལ་དྲ་བ་རྡོ་རྗེ་སེམས་དཔའ་གས
267a2 བ་མེ་ལོང་གི་རྒྱུད་ཆེན་པོ་རྫོགསོ།།།།རྒྱ་གར་གྱི་མཁན་པོ་བཻ་མ་ལི་མི་ཏྲ་དང་།བན་དེ་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།སྲད་ནེས་བི་མ་ལ་མི་ཏྲ་ཉིད་ལ་བྲམ་ཟེ་མོ
267a3 དགེ་སློང་མས་ཡང་དང་ཡང་དུ་ནན་དུ་ཞུས་པ་འདི་གཞན་ལ་སྤེལ་ནང་མ་ཚིག་ཉམ་སྷོ།།།བོད་སྐད་དུ།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ།བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང
267a4 པོ་ལ་ཕྱག་འཚལོ།།འདི་སྐད་བཤད་པའི་དུས་གཅིག་ན།།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོང་སྤྱོད་ཆེན་པོ་ཕྱོགས་བཅུ་དུས
267a5 བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ།།
267a6 འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་གཞི་ཆད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་ཁྱབ་པར་སྤྲུལ་བ་ལ་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་འབར་བའི་གཞལ་ཡས་ཁང་།རྒྱ་ཕྱོ།
267a7 བཅུར་ཡོངསུ་མ་ཆད་པ།ཡོནྟ་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ།།ལྷག་པའི་ཡེ་ཤེས་རིན་པོ་ཆེའི་བློ་འབུར་གྱིས་མཛེས་པ།རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས




iiif viewer powered by OpenSeadragon

266b - 267b

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud
N750 - gsang ba'i snying po de kho na nyid nges pa