e-texts navigator
Collection
Volume
Page
Wylie

266b1 མེད་དམྱལ་བར་ལྟུང་།།དད་དང་དམ་ཚིག་ལྡན་པ་ཡིས།།ཕུན་སུམ་ཚོགས་པ་ཀུན་གཏོང་ཞིང་།།དམ་པའི་ཡོ་བྱད་ལྡན་གྱུར་པས།།ལུས་དང་སྲོག་ལའང་མི་ལྟ་ན།།དམན་པར་འང་སྤྱད་ནམས་ཀྱང
266b2 མིན།།ཐེག་པ་ཚི་ལ་མོས་པ་དང་།།བརྟུལ་ཞུགས་སྙིང་རྩེར་གུས་པར་ལྡན།།རྡོ་རྗེ་སློབ་དཔོན་བསྙེན་བཀུར་ཞིང་།།སྐྱོན་དང་སྨྱོ་བ་ཡོངསུ་བརྗོད།།བསྐལ་པར་འགྲོགས་ཀྱང་ཡོད་མི་འཁྲུག།ཉེས
266b3 དང་ལེགས་པ་ཅི་ལ་ཡང་།།ངོ་མཚར་སྐྱོ་བའི་འདུ་ཤེས་མེད།།རང་བཞིན་བཟང་དང་ཚུལ་ཤིས་དང་།།འགྲོགས་པས་དུག་ནད་མི་ལྡང་བའི།།དམ་པ་འདི་ལ་གསང་བ་གཏང་།།སློབ་དཔོན་མན
266b4 ངག་མི་ལྡན་ཅིང་།།གསང་བའི་དོན་ལ་མ་གོམས་པས།།རང་རྟགས་ལོག་པའི་ཚད་མ་ཡིས།།གསང་བའི་སྦས་དོན་གཏན་མ་འབེབས།།བླུན་པོ་མུན་པས་ཆོད་པ་རྣམས།།ལོག་པར
266b5 ཞེན་པའི་རྗེས་འབྲེངས་ནས།།མཐོང་བའི་ཆོས་ལ་དམྱལ་བར་སྨིན།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།།ཕྱག་རྒྱ་གསང་ཆེན་སྙིང་པོ་འདི།མ་ལུས་ཀུན་གྱི་གསང་ཡིན་པས།།རྟོགས
266b6 ནས་གསལ་བར་གང་བྱེད་པ།།དབང་དང་དཀྱིལ་འཁོར་རྫོགས་པ་སྟེ།།བདག་དང་གཞན་དོན་ལྷུན་གྱིས་གྲུབ།།རྡུལ་སྐྱེད་ཞིང་ལ་བསྙེན་བཀུར་ཞིང་།།ཚོགས་ཀྱི་བླ་མ་བསྟེན་བྱས་པའི།།འབྲས
266b7 བུ་གསང་ཆེར་འདི་ཡིན་ཏེ།།དེ་བས་རྒྱལ་བས་གཅིག་གི་ཡུལ།།རྙེད་དང་བཀུར་བསྟིས་འཚེ་བ་ཡི།།བྲགས་པའི་སྟོབས་ལྡན་རྣམ་པར་སྤངས།། ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ།།རྡོ་རྗེ




iiif viewer powered by OpenSeadragon

266a - 267a

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud