| | e-texts navigator
|
265b1 ཚོགས།། མཉེས་པར་བྱ།ཀུན་ཀྱདུ་དགའ་ཞིང་རྣམ་པ་མས། ཁམས་རྡུལ་དང་མཉམ་པ་མོ།།འཁོར་ཚོགས་རྣམས་ནི་བསྟོད་པའང་། རྫོགས་ས་ནི་ཟླ་རུ་ཐུངས།།ོཾ་ཨཱུ་ལ
265b2 ལཧོ།།སྒྱུ་འཕྲུལ་དྲི་བའི་ཐུགས་ནི་མི་སྐྱེ་ཡེ་ཤེས་བདེ་བའི་ཐུགས།མེ་དྷྲྀག་གསལ་བའི་ཟུགས་ནི་ཀུན་ལ་ཁྱབ་པར་གནས།།གང་ཡང་དབྱེར་མེད་འདུས་བྱས་མ་ཡིན་འདུས་མ་བྱས་མ་ནི
265b3 འཇིག་མེད།།དམ་པའི་ཐུགས་ལ་བྱུང་ཚོར་ག་ཡོ་འགོག་ཅི་ཡང་མེད་པས་བདེ་ཧོ།།སྒྱུ་འཕྲུལ་དྲ་བའི་སྐུ་ནི་སྣ་ཚོགས་འོད་འབར་བདེ་བའི་སྐུ།སྣ་ཚོགས་མཐའ་ཡས་ཇི་ལྟར་སྣང་བ་ངོ་བོས་དབེན
265b4 དེ་ཉིད་འདུ་བའི་ཐབས་ཀྱིས་དེ་ལྟར་ཡིད་འཕྲོག་ཚིམ་པའི་སྐུ།།མཐའ་ཡས་སྣ་ཚོགས་བྱེ་བྲག་ཇི་ལྟར་གསལ་ཡང་ན་མཁའི་ངང་དུ་བྱེ་བྲག་མེད་ཏོ།སྒྱུ་འཕྲུལ་དྲ་བའི་ཡོནྡྲ་ཡིད་བཞིན་ནོར་བུ
265b5 རིན་པོ་ཆེ་མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་དཔག་མེད་རྒྱས་པར་སྣང་།།འགྲོ་བ་རྣམས་ཀྱི་ཡིད་འཕྲོག་བལྟས་པས་ཆོག་ཤེས་མེད་པར་མཛེས།།རྒྱལ་བ་མ་ལུས་ཡོན་རྫོགས་པར་སྣང
265b6 ལ་དེ་དག་མཐའ་ཐུག་མེད་ཧོ།།སྒྱུ་འཕྲུལ་དྲ་བའི་གསུང་ནི་ཟབ་ཅིང་རྒྱ་ཆེར་ན་མཁའ་འདྲ།།མ་ལུས་གོ་ཞིང་ཚིམ་མཛད་རྡོ་རྗེའི་སྒྲ་འབྱིན་སྙན་སྒྲོགས་པ།།རྡོ་རྗེ་སྒྲ་ཆེན་མཐའ་ཡས་མེས་དང་།
265b7 འཐད་པ་དེ་བཞིན་རྣམ་པར་སྣང་ཧོ།།སྒྱུ་འཕྲལ་དྲ་བའི་ཕྲིན་ལས་སྣ་ཚོགས་བྱ་བ་ལྷུན་གྱིས་གྲུབ།།བསྐལ་པ་ཞིང་གི་རྡུལ་སྙེད་འགྲོ་བ་མ་ལུས་ཀུན་འདུལ་བ།།ཐབས་དང་ཤེས་རབ་འདུ།
iiif viewer powered by OpenSeadragon
265a - 266a