e-texts navigator
Collection
Volume
Page
Wylie

265a1 ཟག་མེད་ཆེ་བའི་ལྕེན་སྣང་།།གཞན་ཡང་མཛད་པའི་ཕྲིན་ལས་ན།།གདུལ་བྱའི་ཡུལ་ནི་ཇི་སྙེད་པ།མཛད་པའི་སྒོ་ནི་བསམ་ཡས་ཏེ།།མཐར་ཐུག་མེད་པར་རྣམ
265a2 པར་སྣང་།།འདི་དག་བསྡུས་པས་བཤད་བྱི་ན།ཞི་རྒྱས་དབང་དྲག་ལ་སོགས་པས།།མཐའ་ཡས་བཞིས་ནི་རྣམ་པར་བསྡུས།།ལྷུན་གྱིས་གྲུབ་པར་ཀུན་ཀྱང་འགྲུབ།
265a3 ནདོར་ནི་འབྲས་བུའི་རྣམ་གྲངས་ནི།།བསྡུས་ལས་ཉི་ཤུཿལྗང་གནས།།རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་ལས་ལྷུན་གྱིས་གྲུབ་པ་མ་ལུས་པ་བཤད་པའི་ལེའུ
265a4 སྟེ་བཅུ་གཉིས་པའོ།།།།དེ་ནས་གསང་བདག་རྡོ་རྗེ་འཛིན།།དཔག་མེད་རྒྱལ་བས་དབང་བསྐུར་བ།།གསང་བའི་བདག་པོ་སྔགས་ཀྱི་མཛོད།།གཏེར་འཛིན་རྒྱལ་པོ་སྟོབས
265a5 པོ་ཆེ།།རང་གི་ལག་གི་རྡོ་རྗེ་ཉིད།།དགའ་ཞིང་མགུ་བས་གསོར་བྱས་ཏེ།།བྱེ་བ་རྡུལ་སྙེད་བཅས་པ་ཡིས།།རབ་ཏུ་བསྐོར་བ་བྱས་པ་ཡིས།།འཇིག་རྟེན་དྲུག་ཏུ་བཅས་བདག
265a6 འཁྲུགས་ཤིང་རྣམ་པར་གཡོ་མཛད་དོ།།ཀུན་ཏུ་རབ་གཡོ་རྣམ་པར་ག་ཡོ།།སྟོང་གསུམ་འཇིག་རྟེན་འཁོར་ཡུག་བཅས།།འོད་དང་སྒྲ་ཡིས་གང་མཛད།།རྨད་འབྱུང་སྐུ་གསུང
265a7 ཐུགས་རྣམས་ཀྱི།།ངོ་མཚར་ཆོ་འཕྲུལ་རྣམ་པར་སྣང་།།ངོ་མཚར་ཆོ་འཕྲུལ་རྨད་འབྱུང་གི།ཕྱི་ནང་གསང་བའི་མཆོད་པ་དང་།།འདོད་ཡོན་ལྔ་ཡིས་ཁྱབ་མཛད།།རྒྱལ་བའི




iiif viewer powered by OpenSeadragon

264b - 265b

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud