| | e-texts navigator
|
264b1 རླུང་བ་མཐོང་ཐོས་ཚེ།།དཔའ་བོས་བལྟས་པས་གཡུལ་སེལཱ་ལྟར།།དངོས་པོས་བྱང་ཆུབ་ན་མཁར་རྟོགས།།བྱིན་བརླབས་རྟོགས་པའི་གསུང་ཞུས་བྱ།།བྲང་གི་དོན་ནུ་གང་སྣང་བ།།གཉེན་པོ་བར་ཆད
264b2 མི་གནས་ཤིང་།གཞན་དག་ཕྲས་བྱེད་མི་ཐུབ་པ།།ཟིལ་གྱིས་གནོན་པའི་གསུང་དུ་བརྗོད།།ཚིག་གཅིག་བརྗོད་པས་ཆོག་མཐའ་ཡས།།མོས་པ་དེ་སྙེད་རྣམ་གྲོལ་ཅིང་།།ཡོན་རྒྱ་མཚོ་ཕུན་སུམ
264b3 ཚོགས།།འདི་ནི་བརྗོད་པ་ཚིག་གི་གསུང་།།ཇི་སྙེད་མང་པོར་རྣམ་སྤྲོས་ཀྱང་།།ཆོས་ཀྱི་དབྱིངས་ལ་ཁྱད་པར་མེད།།རྟོག་ལ་རྣམ་རྟོག་མཚན་མ་ཡང་།།མི་རྟོག་ཡེ་ཤེས་གྲོལ་བའི་ཐུགས།།གཉིས
264b4 མེད་བདེ་བ་ཆེན་པོ་ཡིས།།འདོད་པའི་ཡོད་སྤྱོད་ལྔ་ལ་རོལ།།མ་ལུས་བདེ་བར་སྣང་བའི་ཚེ།།འདི་ནི་བདེ་བ་ཆེན་པོའི་ཐུགས།།བདག་གཞན་ཕྱི་ནང་མི་མངའ་ཡང་།།རང་འབྱུང་གཉིས་ཀྱི་ཕྱོག
264b5 བྲལ་བས།གདུལ་བྱའི་བསམ་པ་ཀུན་མཁྱེན་པས།།འགྲོ་བ་མ་ལུས་བསྒྲལ་བའི་ཐུགས།།ཇི་སྙེད་རིག་པའི་དོན་སྣང་ཞིང་།།མ་ལུས་ཀུན་གྱི་ངོ་བོ་ལ།།སྐྱེ་འཇིགས་གཉེན་པོ་གདོད་ནས
264b6 སྟོ།།མི་འགྱུར་རྡོ་རྗེ་ཐུགས་རྗེས་བྱ།།དཔོག་མེད་ན་མཁའི་གླིང་ཁམས་དང་།།ཆེ་བའི་ཁྱད་པར་བསྟན་པའི་གདན།།ཟག་པ་མེད་པའི་རྐྱེན་རྣམས་དང་།།ཡོ་ཤེས་འབར་བའི་གཞལ་ཡས
264b7 ཁང་།།མཐའ་དབུས་མེད་པར་ཁྱབ་པ་ཡི།།འོད་ཟེར་ཚོགས་ནི་རྣམ་པར་སྣང་།།གཞན་ཡང་ཡོན་ཆེན་པོ་ནི།།མཐའ་དབུས་མེད་པའི་ན་མཁའ་ལྟར།།དཔག་ཅིང་གཞལ་བར་མི་ནུས་ཏེ།
iiif viewer powered by OpenSeadragon
264a - 265a