| | e-texts navigator
|
264a1 བྲལ་བ་སྟེ།།ན་མཁའི་ནོར་བུ་ཀཏཱིར་འཆང་གཱ།དཔག་མེད་བསམ་པ་བསྐང་བའི་ཕྱིར།།བྱིན་བརླལ་ཡིད་བཞིན་ནོར་བུའི་ཚུལ།།ཕྲིན་ལས་བྱིན་བརླབས་རང་སྣང་བ།།འཆུ
264a2 འོད་མེད་པའི་དོན་ཚུལ་གྱིས།།དཔག་བསམ་བུམ་དང་རིན་ཆེན་གྱི།།བྱེ་བྱེད་མེད་པར་དོན་རྣམས་རྫོགས།།མི་ལུས་སྤྲོས་པ་རྣམ་དག་ཅིང་།།རང་འབྱུང་རིག་པ་མཐའ་དབུས་མེད།།མ་ལུས
264a3 ཀུན་གྱི་འབྱུང་གནས་ཏེ།།བདེ་བ་ཆེན་པོ་ཆོས་ཀྱི་སྐུ།།འདོད་པའི་ལོང་སྤྱོད་ཐམས་ཅད་ནི།།གཉིས་མེད་དང་ལ་ཀུན་རྫོགས་པས།།དེ་ཉིད་ཚད་བྲལ་མངའ་བརྙེས་པས།།ལོང་སྤྱོད་ཡོངསུ་རྫོགས།།
264a4 བའི་སྐུད། ད་སྐུ་གཅིག་ཐིག་ལེའི་ངོ་བོ་ལས།།འཇིག་རྟེན་ཁམས་ནི་ཐམས་ཅད་དུ།།ཇི་ལྟར་འདུལ་བའི་ཚུལ་བཞིན་དུ།།རྣམ་པར་འཕྲུལ་པ་སྤྲུལ་པའི་སྐུ།།མ་བྱུང་མ་སྐྱེས་དོན་རྟོགས་པས།
264a5 མ་ལུས་དབྱེར་མེད་རྡོ་རྗེ་ཉིད།།མི་འཇིགས་གཉིས་པོ་ཀུན་བྲལ་བ།།རྡོ་རྗེ་སྐུ་ཞེས་རྣམ་པར་བསྟན།།གང་དུ་མངོན་པར་བྱང་ཆུབ་པའི།།འོད་གསལ་ན་མཁའ་མཐའ་དབུས་མེད།།སྐུ་བཞི
264a6 མཐའ་ཡོས་མྱ་རེག་པ།།དང་པོ་མངོན་པར་བྱང་ཆུབ་པའོ།།མ་ལུས་དབྱེ་བ་མཐའ་སྤངས་ཤིང་།།དེ་ལྟར་ཀུན་དང་མཉམ་པར་གནས།།དོན་གྱིས་མ་ལུས་ཁྱབ་འགྱུར་བ།།བརྗོད་མེད་དོན།
264a7 གྱི་གསུང་ཉིད།།སྐུ་དང་ཕྱག་རྒྱ་གཟིགསོ་ཚུལ་གྱིས།།ཏིང་འཛིན་དགོངས་པས་འདུལ་བ་ལ།།བརྗོད་མེད་ཚུལ་གྱིས་གང་སྟོན་པ།།བརྡའ་ཡི་གསུང་དུ་རྣམ་པར་བསྟན།།གང་ཡང
iiif viewer powered by OpenSeadragon
263b - 264b