e-texts navigator
Collection
Volume
Page
Wylie

263b1 རྟག་པ་ལྟར།།འཕོ་འགྱུར་མེད་པས་དེ་བཞིན།།ན་མཁའ་མཐའ་དབུས་མེད་པ་བཞིན།།རང་འབྱུང་ཡེ་ཤེས་ཐོག་མཐའ་མེད།།མ་བྱུང་མ་སྐྱེས་བྱང་ཆུབ་སེམས།།ཡེ་ཤེས་ཉི་མའོ་འདྲ་ལྟར་གསལ།།
263b2 སངས་རྒྱས་སེམས་ཅན་གྲོལ་ཐར་ཀུན།།མ་ལུས་རང་རིག་འོད་གསལ་བས།།རང་འཐུང་ཡེ་ཤེས་རང་སྣང་ཕྱིར།།མཁྱེན་དང་བསྒྲིབས་པོ་ཆུང་ཟད་མེད།།མཁྱེན་པའི་ཡེ་ཤེས་ཉ་གཅིག་ལ།།
263b3 རང་གི་ཚེ་ཤས་ཆོས་བྲལ་བས།།ནམ་མཁའི་མཐའ་ཐུག་ཆོས་རྣམས་ཀུན།།སྐད་ཅིག་མ་འདྲེས་ཚུལ་དུ་མཁྱེན།།རང་རིག་བྱང་ཆུབ་སེམས་ཉིད་ལས།།མཐོན་དམན་བླང་དོར་མ་དམིགས་པས།།
263b4 འཁོར་བའི་ངོ་བོར་རང་སྣང་ཡང་།།མ་ཆགས་སྐྱོན་མེད་པདྨ་འདྲ།།དཔག་མེད་ཡོན་ངོ་བོ་རྣམས།།རང་འབྱུང་རེག་པ་རང་སྣང་བས།།མ་ལུས་ངོ་མཚར་རྒྱ་མཚོ་རྣམས།།རང་སྣང་གཞན་ལས
263b5 ཐོབ་བྱ་མེད།།བྱིན་བརླབས་ཆོ་འཕྲུལ་རྨད་ཀྱི་ཆོས།།རང་འབྱུང་ཉིད་ལས་རྣམ་པར་སྤྲོ།།ཚུལ་ནི་རྣམ་པ་སྣ་ཚོགས་ཏེ།།དག་དང་མ་དག་ཁྱད་པར་གྱིས།།ངོ་བོ་གཅིག་ལིས་མ་གཡོས
263b6 ཀྱང་།།མོས་པས་མཐོང་ཚུལ་དེ་བཞིན།།གསུང་ནི་ན་མཁས་ཁྱབ་པར་ནི།།ཕྱོགས་བཅུ་ཁྱབ་པར་སྒྲ་སྒྲོགས་པ།།མོས་པ་བཞིན་དུ་སྣ་ཚོགས་པའི།།བསྐུམ་ཡས་འདུལ་ཐབས་སྣ
263b7 ཚོགས་སྣང་།།ཐུགས་ནི་མེ་ལུས་མཁྱེན་པའི་ཐུགས།།ཕན་པ་དང་བཅས་བརྩེར་ལྡན་པོའི།།མངོན་ཤེས་མཁྱེན་པའི་ཡེ་ཤེས་སྤྲོ།།ཡེ་ཤེས་ཐུགས་ལི་ཁྱད་པར་མེད།།ཡོནྟ་ཚད་ཁྱད




iiif viewer powered by OpenSeadragon

263a - 264a

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud