e-texts navigator
Collection
Volume
Page
Wylie

263a1 སྐམས་ཏོ།།འཛིན་རྩཝ་རུ་བླངས་པ་ཡིས།།རྡུལ་སྐྱེད་བཅས་པའི་འབར་ཚོགས་རྣམས།།རང་རང་བརྒྱན་དང་གས་དོར་སྟེ།།དཔའ་བོ་སྐ་མའི་ཚུལ་འཛིན་ཅིང་།།ད
263a2 འཁོར་ཕྱོགས་བཅུའི་རྡུལ་སྙེད་དུ།།གླུ་དང་གར་ནི་སྣ་ཚོགས་ཀྱིས།།ཐ་མལ་ཡིད་རྟོག་བཅད་ནས་ནི།།བདེ་ཆེན་ཡིད་ནི་འཕྲོག་པར་མཛད།།དེ་བཞིན་དཀྱིལ་འཁོར་བསམ་ཡས་དང་།།ཞིང
263a3 ཐབས་བདེ་བ་རླུད་འབྱུང་བ།།འདུལ་བའི་ཐབས་ནི་སྣ་ཚོགས་པ།།དཔག་མེད་མཐའ་ཡས་ཅིར་སྣང་ཡང་།།རང་བྱུང་ཡེ་ཤེས་བྱང་ཆུབ་སེམས།།ཐིག་ལེ་གཅིག་གི་ངོ་བོ་ལས།།མཛོད
263a4 གར་ཐབས་སྣ་ཚོགས་ཀྱིས།།འདུལ་བའི་དབང་དུ་ཅི་ཡང་སྤྲོ།།ཐབས་ལ་ཐབས་ཀྱིས་དབང་སྒྱུར་བས།།ཐུབས་ཆེན་ཐབས་ལས་བྱུང་བ་ཡི།།ངོ་མཚར་ཡ་མཚན་རྨད་པོ་ཆེ།།སངས་རྒྱས་ཀུན་གྱི
263a5 རང་བཞིན་ཏོ།།ཐབས་ཆེན་སྒྱུ་མ་རྨད་དུ་བྱུང་།།སྒྱུ་མ་སྐྱེ་འགག་མེད་པའི་དབྱིངས།།སྒོ་གསུང་ཡོནྡྲ་འཕྲིན་ལས་ཐུགས།།མ་ལུས་ཀུན་འདུས་རྣམ་པར་དག།ཐམས་ཅད་རང་རིག་བྱེད
263a6 ཆུབ་སེམས།།ཀུན་ནས་འཁྱིལ་པའི་དཀྱིལ་འཁོར་སྟེ།།ཀུན་གྱི་རང་བཞིན་འབྱུང་གནས་ཉིད།།བྱ་བ་བྱེད་ལ་བྱས་པ་མེད།།ཟད་དང་འཕེལ་བ་མེད་པ་ཡི།།དངོས་གྲུབ་གཏེར་ཆེན་བསམ
263a7 མི་ཁྱབ།།ཡེ་ཤེས་ཐིག་ལེ་རང་སྣང་བ།།བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག།མཐའ་དབུས་མེད་པའི་ཡེ་ཤེས་ནི།།གཅིག་ཅེས་འདི་ཞེས་བརྗོད་དུ་མེད།།ན་མཁའ་རང་བྱུང




iiif viewer powered by OpenSeadragon

262b - 263b

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud