| | e-texts navigator
|
262b1 སྦྱ་དུ་ཉམས་པར་བྱེད།།ཐ་སྐར་མྱུར་དུ་འངས་བྱེད་ཅིང་།།འདི་ཆེན་ལོ་ཟག་སྐྱེད་པར་བྱེད།།བྱེ་བ་རྟུལ་སྐྱེད་བཅས་པ་ཡི།།ལྷ་དང་ལྷ་མོ་འཁོར་བཅས་པས།།སྟེབ་ཅིར་འཛུམ་པས་ལྡན་རྟོག་ཏུ།།
262b2 རིལ་ཅིང་གླུ་ནི་ལེན་པར་བྱེད།།ོཾ་མ་ཧོ་སངས་རྒྱས་ཀུན་རང་བཞིན་བདེ་བོ་ཆེ།།ལྷན་ཅིག་སྐྱེས་པ་མཁའ་ལྟར་རྡུལ་དང་བྲལ་བ་སྟེ།།རྡོ་རྗེ་པདྨར་བཅུག་བསྐྱོད་པས་ནི་བརྟགས་པའི་སྐད།
262b3 ནུག།མ་ལུས་ཁྱབ་པས་མཁའ་ལྟར་དགའ་བར་བྱས་ཀྱང་དབང་པོ་རླུང་གིས་རླབས།།བདེ་བའི་ས་བོན་ཟག་པ་རྣམས་ནི་སླར་ཡང་ལྡང་བར་བྱེད།།རྒྱུ་བ་རྣམ་པར་ཆད་པའི་ཁ་སྦྱོར་བདེ་ཆེན་ནི།།
262b4 ན་མཁའི་རྒྱུ་མཉམ་ཡུན་ཡང་དེ་སྲིད་བར་དུ་གནས་པ་སྟེ།།འདོད་པའི་ཡོན་ལྔ་ནི་ལྷ་མོ་ཁྱོད་ལ་ཚང་བ་སྟེ།།བདག་ནི་ཁྱོད་ལ་བསྟེན་ཅིང་དགའ་བས་མིག་བརྟག་མ་ལུས་རྒྱལ་བའི་ཞིང་དུ་བལྟ།
262b5 གང་ཚེ་འགྲོ་བའི་ཐ་མལ་བདེར་སྤྱོད་ཡུལ་ལ་ཆགས་པར་ཞུགས་པ་ན།།དགའ་དང་བདེ་དང་རྩེ་གཅིག་ཡིད་འོང་འདོད་པར་རབ་ཞུགས་པས།།དབང་པོ་གཉིས་རོལ་ཉི་ཟླ་ཕྲད་ཅིང་བདེ་ཆེན་མཆོག
262b6 སྐྱེས་ཆེ།།སྐྱེ་རྒ་ནུ་འཆི་རེ་དོགྲས་ངོ་ཚ་མི་ཚྭ་གྲགས་པའི་ཆོས་བརྒྱད་ཆོད་ཀྱང་བྱིས་པས་མི་ཤེསོ།།གང་ཞིག་ཐབས་དང་ཤེས་རབ་བྲལ་བས་གསང་བའི་དོན་འཇུག་པ།།རྒྱ་མཚོ་ལ་ནི
262b7 སོ་བོན་བཏ་བོ་བཞིན་འདོད་པའི་འབྲས་བུ་མི་འབྱུང་སྟེ།།ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་ཐ་སྐབས་ཏེ།།རྒྱལ་བ་ཉིད་ཀྱང་ཐབས་དང་ཤེས་རབ་བྲལ་བས་བྱང་ཆུབ་མྱུ་གུ་གཏན་ནས
iiif viewer powered by OpenSeadragon
262a - 263a