| | e-texts navigator
|
262a1 བཏུད་དས།།མི་འཛིན་ལོ་སྤྱོད་ཆེན་པོའི་གནས།།རང་འབྱུང་ཉིཟླ་རྟེན་གྱིར།།མ་སྤངས་འདུས་པས་འདུ་འབྲལ་མེད།།གསང་བའི་ཐིག་ལོ་བཅུད་འདུས་པ།།ནམ་ཇུའ་ག
262a2 བ་བདེ་དུའི་རོ།།གཉིས་མེད་འཁྲིལ་པའི་སྟོབས་ལས་བྱུང་།།མཁར་དབྱིངས་བྱང་ཆུབ་འབྱོར་པའི་སེམས།།མ་བཏིང་མ་སྤྲོས་ཐིག་ལེ་ཆེ།།ན་མཁའ་རྒྱས་པའི་མཐའ་བཞིན་དུ།།
262a3 བདེ་བའི་ཚད་ཀྱང་དཔག་ཏུ་མེད།།ཡབ་ཡུམྦྷ་གནས་པའི་གྲངས་ཚད་ཀྱང་།།ན་མཁའི་ཁམས་ཀྱི་རྡུལ་སྙེད་དེ།།རོ་རེའང་བདེ་བའི་དཀྱིལ་འཁོར་ནི།།རྡུལ་སྙེད་ན་མཁའི་མཐའ་དང
262a4 མཉམ།།ཡབ་ཡུམ་གཉིས་མེད་འབྲེལ་པ་ཡི།།ཐབས་དང་ཤེས་རབ་བཅུད་འདུས་པ།།གང་ཡང་མི་སྒྲིབ་ཐིག་ལེའི་རོ།།སྣད་གསུམ་མཚན་མ་ལས་འདས་པ།།སངས་རྒྱས་རིན་ཆེན
262a5 ཀུན་གྱི་བཅུད།།བྱེ་བ་རྡུལ་སྙེད་གྲངས་འདས་པའི།།མ་ལུས་ཀུན་དང་ལྷན་ཅིག་ཏུ།།མོས་དང་ཆགས་པའི་ཁྱད་པར་གྱིས།།ཆ་ལུགས་མཐའ་ཡས་སྣང་བ་ནི།།ལ་ལར་ཆགས
262a6 པར་ལྟ་བའི་ཚུལ།།དེ་བཞིན་འཇམ་པར་སྨྲ་བ་དང་།།ལ་ལར་འཁྱུད་ཅིང་ལྟ་བ་སྟེ།།ལ་ལར་སེན་ཐབས་ཞལ་སྦྱོར་ཞིང་།།ལ་ལར་མཉེ་དང་རྡེབས་དང་འདུད།།འགྱེད་དང་འདུད
262a7 དང་འགྱིང་པོ་མི།།དཀར་འཛིན་སྦྱིན་དང་སྐྱེ་བ་སྦྱིན།།འོ་དང་འཚོར་དང་རྒོད་པ་དག།།སྣ་ཚོགས་རིམ་པ་འདི་དག་གིས།།མ་ཆགས་བདག་ཆགས་བྱེད་ཅིང་།།ཆགས
iiif viewer powered by OpenSeadragon
261b - 262b