| | e-texts navigator
|
261b1 བ|ཐིག་ལྕེ་ཕྱག་རྒྱ་བསམ་མི་ཁྱབ།ཕྱི་ནང་དངས་སྐྱིགས་མུ་ལུས་པ།།རང་འབྱུང་དངས་མའི་ཐིག་ལེ་ཉིད།།གཞན་མེད་ཕྱོགས་མེད་རང་སྣང་བ།།ཕྱོགས་མེད་བདེ་བ་ཆེན་པོ་ཉིད།།གསང་བའི
261b2 ཐིག་ལེ་ཆེན་པོ་ནི།།ཡོན་རྫོགས་པའི་ངོ་བོ་སྟེ།།བདེ་འ་ཆེན་པོའི་སྙིང་པོ་ལས།།དཔག་མེད་ཡོན་རྣམ་པར་འཕྲུལ།།བདེ་བ་ཆེན་པོའི་ཐིག་ལེ་ནེ།།འདུ་འཕྲོ་བྲལ་བས་ཟག་པ་མེད།།ཕྱོགས་རིས་འདས་པས།
261b3 མ་ཁྱབ་མེད།།ཐོག་མཐའ་མེད་པར་མཉམ་པ་ཡིན།།རྒྱལ་བ་ཀུན་གྱི་རང་བཞིན་ཏེ།།ཐིག་ལེ་རོ་ལ་མཉམ་བཞུགས་པས།།ནམ་མཁའི་མཐས་གཏུགས་ཆོས་ཐམས་ཅད།།བདེ་བ་ཆེན་པོར
261b4 གསལ་བར་མྱོང་།།མཚན་དང་དཔེ་བྱད་ཚད་འདས་པ།།རང་ལ་རྫོགས་པའི་ཐིག་ལེ་ཉིད།།ཇི་སྙེད་བདེ་བའི་རོལ་པ་ཀུན།།རང་ལ་རྫོགས་པ་ཉིད་གནས།།སངས་རྒྱས་ཀུན་གྱི་བདེ་བ་ནི།།
261b5 རང་འབྱུང་ཐིག་ལེ་ཆེན་པོ་སྟེ།།ཱ་ལི་ཀཱ་ལི་ཞུ་བ་ལས།།ན་མཁའ་ཁྱབ་པའི་བདེ་བ་འབྱུང་།།གསང་བའི་ཐིག་ལེ་ཀུན་གྱི་རྒྱུ།།ན་མཁའི་ཐིག་ལེ་གསང་བའི་ངང་།།ཁྱབ་པ་ཆེན་པོ
261b6 ཕྱོགས་ཆ་མེད།།ལུས་གནས་རང་བཞིན་མི་སྐྱེས་པ།།བདེ་བའི་དབང་ཕྱུག་སྐུ་གསུང་ཐུགས།།ནམ་མཁའ་ལྟ་བུར་དཔག་ཏུ་མེད།།ཐབས་དང་ཤེས་རབ་དབྱེར་མེད་པའི།།གསང་བའི་ཐིག
261b7 ལི་བཞུགས་པའི་གནས།།དཔག་མེད་ཏིང་འོབྲུ་རྡུལ་སྙེད་ཀྱི།།རྒྱལ་བ་ཀུན་དང་ལྡན་ཅིག་ཏུ།།མ་ལུས་བདེ་བ་ཆེན་པོའི་རོ།།ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས།།མ་གསུང་རིད་པྲ་ཏཾ།
iiif viewer powered by OpenSeadragon
261a - 262a