| | e-texts navigator
|
261a1 སྔོན་ཐོབ་སྟེ།།རྡོ་རྗེ་འཆང་གི་ས་ལ་བཀོད།།དཔག་མེད་རྒྱལ་བ་ཐམས་ཅད་ཀྱི།།འགྲོ་བའི་གདུལ་བྱ་མཐའ་ཡས་པས།།སྐུ་གསུང་ཐུགས་ཀྱང་དེ་བཞིན་ཏེ།།བཞུགས་ཚུལ་དང་།
261a2 མེད་རྣམ་པར་དང་།།ཆེ་བའི་ཡོནྟ་ལྷུན་རྫོགས་པའི།།སངས་རྒྱས་དྲུག་པའི་རང་བཞིན་ཏེ།།ན་མཁའི་མཐས་གཏུགས་མཚན་པ་ཡི།།བདེ་ཆེན་ཡེ་ཤེས་རྒྱས་པར་གནས།།བཅུ་དྲུག་ཞག་གིས་རྫོགས
261a3 བ་ལྟར།།མ་ལུས་རྫོགས་པའོ་ཡེ་ཤེས་ཉིད།།ས་མཐའི་ཉེས་པ་ཀུན་བྲལ་བ།།ཀུན་གྱི་ཡོན་བདག་ཉིད་གནས།།སངས་རྒྱས་ཞིང་ཁམས་མཐའ་ཡས་པའི།།ན་མཁའི་མཐའ་ཐུག་བར་དུ་ནི།།
261a4 གདུལ་བྱའི་རྡུལ་སྙེད་གནས་ཀྱི་བར།།སྐད་ཅིག་འདུ་འབྲལ་མེད་པར་གནས།།བཅུད་འདུས་ཐིག་ལེ་ཆེན་པོ་ནི།།བདེ་བའི་ཟག་མེད་ཐིག་ལེ་སྟེ།། དང་བདེ་བར་འབྲེལ་པ་ཡིས།།མ་ལུས
261a5 ཁྱབ་པའི་ཚུལ་དུ་བཞུགས།།ཐིག་ལེའི་བྱེ་བྲག་བརྒྱད་བཅུའི་རྩ།།བཅུད་འདུས་གསང་བའི་ཐིག་ལེའི་རོ།།མ་སྐྱེས་མཉམ་ལ་གནས་འགྱུར་ཞིང་།།མ་ལུས་གང་བའི་ཚུལ་གྱིས་ནི།།ཞིང
261a6 ཁམས་ཕྱོགས་བཅུ་མཐའ་ཡས་པ།།ཟག་མེད་ཐིག་ལེར་རོ་གཅིག་པས།།ན་མཁའི་གཟུགས་ཅན་དེ་བཞིན་ཉིད།།སྐུ་བཞི་འདུས་པའི་ཁམས་ཐིག་ལེ།།དངས་མ་ལྔ་འདུས་སྙིང་པོ།
261a7 ཅན།།གསུམ་འདུས་མི་འགྱུར་སྙིང་པོ་སྟེ།།བདེས་གང་བཞི་བཅུ་རྩ་གཉིས་པོ།།ཐིག་ལེ་རོ་ཡིས་གང་ཕྱེ་བ།།དཔག་མེད་སྐུ་གསུང་ཡོན་ཐུགས།།བསམ་གྱིས་མི་ཁྱབ་ཡང་སྣང
iiif viewer powered by OpenSeadragon
260b - 261b