| | e-texts navigator
|
260b1 བསྒྲུབ་བྱ་ཉིད།།ཕྱག་ལ་བཅུ་མ་ལུས་རྡུལ་སྙེད་ཀྱི།།ཆེ་བའི་ཡོན་བཤད་པར་བྱ།།མཐར་ཕྱིན་ལྔ་ཡི་རང་བཞིན།།རྟོགས་དང་འབྲས་བུར་གནས་མོད་ཀྱི།།མཐོང་དང་གོམས་དང་གྲུབ་པ་ཉིད།།ཐུན་མོང་འབྲས།
260b2 བུར་ཡང་དག་བཤད།།ཡང་དག་མཐར་ཕྱན་འབྲས་བུར་ནི།།ཐབས་ཆེན་ཐབས་ལས་བྱུང་བ་ཡི།།ཡིད་བཞིན་ནོར་བུ་རིན་པོ་ཆེ།།དཔག་མེད་ཡོན་ལྷུན་རྫོགས་པ།།ཚད་དང་དམིགས་པ་ལས་འདས
260b3 པ།བསམ་ཡས་ལྡན་གྱིས་གྲུབ་པ་སྟེ།།ན་མཁའི་མཐའ་ལྟར་དཔག་མེད་པ།།ཐམས་ཅད་མཁྱེན་པའི་ཡེ་ཤེས་ན།།མ་ལུས་མཆོག་གི་གཏེར་གྱུར་པ།།ཟད་འཕེལ་མེད་པའི་ནོར་བུ་སྟེ།།
260b4 མ་ལུས་ཀུན་ལ་མཉམ་དུ་གནས།།སངས་རྒྱས་ཀུན་གྱི་རང་བཞིན་ནི།།རྒྱུ་དབྱིངས་ཚད་ལས་འདས་པ་ཡི།།དག་དང་མ་དག་ཅི་སྣང་ཡང་།།བླང་དེར་ཕྱོགས་རིས་ཡོངས་ཀྱིས་མེད།།རང་འབྱུང
260b5 འོད་གསལ་མཎ་ཌ་ལ་ལ།།མ་ལུས་གཅིག་གི་རང་བཞིན་ཏེ།།ཐུགས་རྗེའི་བྱིན་བརླབས་ཚད་མེད་པས།།མ་ལུས་བསམ་པ་སྐང་བར་མཛད།།རང་བྱུང་ཡེ་ཤེས་ལྷུན་གྲུབ་ནི།།ཆོས་རྣམས་ཀུན་གྱི
260b6 ངོ་བོ་བས།།མ་ལུས་ཕྱོགས་མེད་རང་སྣང་ཡང་།།ཞེན་དང་ཆུང་ངུ་བྱས་པ་མེད།།ས་དཔ་ལམ་ལ་སོགས་པ་ཡི།།ཐེག་པ་ཀུན་གྱི་འབྲས་བུ་ནི།།རང་རང་ལྟོས་པའི་མཐར་ཐུག་ཀྱང་།།ཚེ་མཆོག
260b7 ལྷུན་ཐུང་མཉམ་དང་བྲལ།།སྐད་ཅིག་ཉིད་ལ་ལྷུན་རྫོགས་པའོ།།སངས་རྒྱས་དཔག་མེད་ཡོན་རྣམས།།རིགས་བདག་རྡོ་རྗེ་འཆང་ཚན་གྱིས།།ཡེ་ཤེས་ལྷ་མོ་རོལ་དབང་གིས།།ཉི་ཟླའི་བདེ་བ
iiif viewer powered by OpenSeadragon
260a - 261a