| | e-texts navigator
|
260a1 ཏེ་མཁའ་ལ་འཕྲོག་པའི་ཚེ།།དངོས་གྲུབ་ལམ་དང་བྲལ་བ་ཡིན།།ཕྱིན་ཆད་མཆོད་དང་ནུས་པ་སྦྱིན།།རང་གི་སྐབས་ནི་མ་གཏོགས་པ།།གཞན་དུ་ཐིག་ལེ་མི་ལྟུང་ཞིང་།།དབང
260a2 སྦྱར་ལམ་ལ་གོམས་པར་བྱ།།ཉི་ཟླ་འདྲས་པའི་བདེ་བ་ཉིད།།ཟག་མེད་སྙིང་པོར་ཐིམ་པའི་ཚེ།།སེམས་ཀྱི་བདེ་བར་རང་སྣང་ཞིང་།།སེམས་ཀྱི་བདེ་བ་བར་ཆད་མེད།།གསལ་བྱེད་སྟོབས་དང
260a3 བྲལ་བའི་ཚེ།།མ་ལུས་བདེ་ཆེན་ཕྱག་རྒྱ་སྟེ།།ལུས་སེམས་མཉམ་དུ་གནས་པ་ཉིད།།ཚད་དང་རྒྱ་དབྱིངས་རོ་ལས་འདས།།དཔག་མེད་བདེ་བའི་རོལ་མོ་ནི།།སངས་རྒྱས་ཀུན་གྱི་དགྱེས་ཆེན
260a4 ཏེ། ཐིག་ལེས་དོན་ཟབ་པ་བྲལ།།བདེ་ཆེན་ཉམས་མྱོང་རྒྱུན་མི་ཆད།།རང་ཉིད་ཐིག་ལེར་ཉམས་མྱོང་བས།།སྙིང་པོའི་ཐིག་ལ་བྲལ་བ་མེད།།ཕྲ་ཞིང་རྡུལ་བྲལ་དྲི་མ་མེད།།རྡོ་རྗེ་ཐིག་ལེ་དྲིལ
260a5 བུ་ཉིད།འབད་རྩོལ་མེད་པར་རང་སྣང་བ།།བྲལ་ཐོབ་མེད་པའི་ངོ་བོར་གནས།།གང་དུ་ཡོན་ཚོགས་ཀྱིས་རབ་རྒྱས་པ།།བདེ་ཆེན་ཆུ་རྒྱུན་ལྟ་བུའི་རྒྱུན་ལས་བྱུང་།།ཚོགས་གཉིས་ཡོངས་རྫོགས།
260a6 བདག་གཞན་ལྷུན་གྱིས་གྲུབ།།གཞན་ན་མེད་དེ་རང་ཉིད་སྣང་བར་ཟད།།རང་བཞིན་གནས་ཕྱིར་གཞན་ནས་འོང་བ་མེད།།ཞེན་པ་བཟློག་པས་བདག་ཞལ་བདག་གིས་མཐོང་།།རྡོ་རྗེ་སེམས་དཔའ
260a7 སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་ལས་ལམ་གྱི་ཁྱད་པར་མ་ལུས་པ་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།།དེ་ནས་གཞན་ཡང་བཤད་བྱ་ག།མ་ལུས་ཀུན་གྱི
iiif viewer powered by OpenSeadragon
259b - 260b