| | e-texts navigator
|
258a1 དཀྱིལ་འཁོར་ཁམས་ཐོག་ལོ།།དངས་མ་ལྔ་རུ་མཉམ་སྦྱོར་བ།།ང་བ་དང་ནི་རྐྱེན་དག་གིས།།ཐབས་ཀྱི་རིམ་པ་བསྐུལ་ལས་ཤེས།།བདེ་བའི་ཐིག་ལེ་ཉམས་མྱོང་བ།།མི་རྟོག་བདེ་བ
258a2 ཆ་ཤས་མེད།།མི་ཤིགས་ཐིག་ལེ་ཀུནི་གྱི་བདག།སྟོང་ཉིད་འབྲེལ་བའི་རིམ་ཅན།།ཐ་མལ་བྱ་བ་ཀུན་བྲལ་བ།།སྤྱོད་པ་ཉིད་བསྟན་པ་ཡིན།།ཐིག་ལེ་བཞུ་བའི་རང་བཞིན་གྱིས།།འཇོག་འབར་ཐིམ
258a3 གང་བདེ་བ་ནི།།ས་ཡང་བཅུ་གསུམ་བདེ་བས་བརྒྱན།།ལུས་ཀུན་ཁྱབ་པའི་ཐིག་ལེ་ཤུམ།།ཏིལ་འབྲུ་བཅུད་ཀྱིས་ཁྱབ་པ་ལྟར།།མ་ལུས་ཁྱབ་པའི་རོས་གང་བ།།མ་ལུས་འོད་དང་སྙིང་པོ
258a4 ལྟར།།སྣང་སྲིད་ཐིག་ལེ་ཆེན་པོ་ཉིད།།བདེ་བ་ཆེན་པོས་ཁྱབ་པར་གསལ།།མ་ལུས་འདུས་པའི་ཐིག་ལེ་ནི།།ཁམས་ལྔ་འདྲེས་པའི་སྙིང་པོ་སྟེ།།མི་ཤིགས་ཐིག་ལེ་བདེ་བའི་བཅུང་།།
258a5 མ་ལུས་བདེ་བའི་རྒྱས་བཏབ་པས།།ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ།།དུས་གསུམ་རྒྱལ་བའི་དགོངས་པ་སྟེ།།ཐིག་ལེ་གཅིག་གིས་ཀུན་ཁྱབ་པས།།བདེ་ཆེན་སྙིང་རྗེས་གཅིག་ཏུ
258a6 འཁྱིལ།།དེ་ཉིད་བདེ་ཆེན་ཕྱག་རྒྱ་སྟེ།།ནང་གི་ཕྱག་རྒྱ་གཅིག་པར་བཤད།།དེ་ཉིད་ངེས་པར་ལས་རུང་བས།།ཐིག་ལེ་བདེ་ཆེན་དང་བཅས་པའི།།བྱེ་བྲག་བརྒྱད་ཅུ་མ་ལུས་པར།།སཽའི
258a7 ཐོཐིག་ལར་སྐུ་འཕྲོས་ཤིང་།།ཁམས་ལྔ་ཡེ་ཤེས་རོ་དང་བཅས།།ས་བོན་ཐིག་ལཾ་བདེ་བས་བརྒྱན།།མི་རྟོག་ཐིག་ལེ་ཐུགས་མཆོག་སྒྲ།།རང་ལུས་སྨིན་ནས་སྣང་བར་སྤྲོ།།གང་ནཱ
iiif viewer powered by OpenSeadragon
257b - 258b