| | e-texts navigator
|
257b1 མསྡུག་པོ་ཡུལ་ལས་འདས།།འཇིག་རྟེན་སྣང་ཕྱུག་དཔུང་སྐུར་ཞིང་།།གཉི་ས་མེད་ཕྱུག་རྒྱ་ཆེན་པའི་རིགས།།ནམ་མཐུ་ཐུག་མེད་པ་སྒྱུར།།འམས་དང་ནུས་པའི་རྡུལ་སྟངས་ཀྱིས།
257b2 བག་ཆགས་མཚན་མའི་ཚད་ཆིང་ལ།།ཏཱིང་འཛིན་རེག་པའི་མི་འབྱུང་བས།།ཞིང་ཁམས་རྒྱ་བྲལ་དཔག་མེད་དུ།།ཏིང་འཛིན་རིགས་པས་གང་སྦྱངས་པ།།བསྒོམས་དང་ཏིང་འཛིན་རིག་པ་ཡིས།
257b3 འཛིན་པའི་ལུང་ཐོབ་པ།།ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡིན།།དེ་ནས་རེག་པའི་རྩལ་རྫོགས་ཤིང་།།ཡེ་ཤེས་ལྷ་མོ་རོལ་དབང་གིས།།མཐར་ཕྱིན་རིག་པའི་སྐྱེས་བུ་སྟེ།།ཞིང་ཁམས་བྱེ་བའི་དབང
257b4 ཐོབ་ཅིང་།།རྡོ་རྗེ་འཛིན་པ་ཉིད་ཀྱི་སྲས།།དབང་དང་ཆོ་འཕྲུལ་ཀུན་ཐོབ་པ།།ན་མཁའི་མཐའ་ལྟར་དགོངས་པས་ཁྱབ།།མཉམ་བཞག་རྗེས་ཐོབ་ཁྱད་པར་གྱིས།།རྒྱལ་བའི་ལུང་མནོད་བཀའ
257b5 ལ་གནས།།ཞིང་ཁམས་དག་པར་ཀུན་སྤྱོད་ཀྱང་།།རྨད་འབྱུང་བསང་བའི་རང་བཞིན་ལ།།སྤྱོད་ཀྱང་ལྟ་བའི་རང་བཞིན་གྱིས།།ཕྱོགས་བྲལ་ན་མཁའ་མི་མཐོང་བས།།དབང་དང་དགོངས་པ
257b6 མཐར་ཕྱིན་འགྱུར།།དབང་དང་དམ་ཚིག་བརྟུལ་ཞུགས་ཏེ།།དང་པོ་བསླབ་པ་མཐར་ཕྱིན་ཅིང་།།ཐིག་ལོ་རྫོགས་པར་འདོད་པ་ཡིས།།གསང་བ་ནང་གི་དྲོན་ལ་སྦྱོར།།ཐུན་མོང་བྱ་བ་མཐར
257b7 ཕྱིན་ནསོ།།ལུས་དང་སྤྱོད་ཡུལ་བཅས་པ་དང་།།ལྕེ་ཡི་རྣལ་འབྱོར་མ་ལུས་པ།།བདེ་ཆེན་ཐིག་ལེ་ཉིད་དུ་བལྟ།།ལྷ་དང་བདེ་བར་མཉམ་སྦྱོར་བས།།ཐིག་ལོ་བདེ་བར་སྣང་བ་ནུག།སྐུ་བཞི
iiif viewer powered by OpenSeadragon
257a - 258a