e-texts navigator
Collection
Volume
Page
Wylie

256b1 གོང་དུ་མཉམ་པར་སྦྱར།།རྡོ་རྗེ་རིག་པ་འཛིན་གྱི་སྐུ།།ཞིང་ཁམས་ཀུན་ལ་གནས་པར་བྱེད།།གལ་ཏོ་མཚན་མར་ཞོན་དབང་གིས།རྟོགས་པའི་སྟོབས་ནི་ཆུང་གྱུར་ན།།བྱང་ཆུབ་ཕྱག་རྒྱ་རྡོ་རྗེ་སྐུ།།མཚན
256b2 དྲང་དཔེ་བྱད་ལ་སོགས་པ།།ཆ་ལུགས་མངོན་དུ་བྱུང་བ་ཡང་།།ཞི་བ་དེ་ཉིད་མཐོང་བ་མིན།།གང་དུ་སྦྱར་བའི་ཡུམ་རྣམས་ཀྱང་།།ཐུན་མོང་ལམ་དང་སྐབས་གཉི་སུ།།ནུས་པའི་ཁྱད་པར་ཆེ་ཆུང
256b3 གིས།།འཕྲིན་ལས་བཞི་རུ་བཤད་པ་ནི།།དཀར་མོ་བོང་ཆུང་སྐད་ཆེ་ལ།།བཞིན་ལུས་གཙུག་པུདོ་གཡསུ་འཁྱིལ།།ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་།།རླུང་ཁར་ཙི་བོས་ཞི་བ་བྱཾ།།
256b4 ཟླ་དང་ཡན་ལག་མང་བ་དང་།།ཕྲ་ཞིང་བཤད་ལ་བཟངསུ་རིང་།།བཞིན་ལུས་སེར་ཞིང་གྲུ་བཞིར་གནས།།རྣམ་འཕྱངས་ཤ་དང་ནུ་མ་རྒྱས།།འཕེལ་བའི་དུསུ་འདི་དག་བཟུང་།།བཞིན
256b5 མདོག་པདྨ་འདྲ་སོགས་ཀ་ལ།།སྨིན་སྒྱུས་རིང་ལ་བསྟོད་སྨད་ཕྱེད།།ལུས་དང་ཆུ་རླུང་དྲི་ཞིམ་ཞིང་།།བདེ་བ་ལྡན་ཞིང་ཡན་ལག་མེད།།འདི་ནི་བསྡུད་པའི་མཆོག་ཏུ་འགྱུར།།ནག་མོ་གྲུ
256b6 གསུམ་རྩིད་མགོ་མ།།ཁྲོ་གཉེར་བྱིས་པའི་ལུས་ལྡན་ཞིང་།།གཏུམ་ཞིང་བརླིང་ཚིག་འཛེམ་པ་མེད།།རྩང་སྨྲའི་རྟོག་བྲལ་གསོད་པར་བཤད།།གང་དུ་ནུས་པ་བརྟན་ཐོབ་པ།།དེ་དག
256b7 ས་ནས་སར་སྦྱོང་བ།།རིག་པའི་སྐྱེས་བུ་དམ་པ་ཉིད།།རྣལ་འབྱོར་རིམ་པའི་ལུང་ལྡན་པ།།མ་སྐྱེས་མཉམ་ལ་དབང་སྒྱུར་ཞིང་།།མ་ལུས་གསལ་བར་མཐོར་ཕྱིན་པའོ།།རང་རིག་ཡིས་རྒྱུ




iiif viewer powered by OpenSeadragon

256a - 257a

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud