| | e-texts navigator
|
256a1 གསུངས།།དང་པོ་རྒྱུད་གླགས་དཀྱིལ་འཁོར་ཏེ།།དེ་ནས་དཔག་ཚད་དཀྱིལ་འཁོར་ཉིད།།ན་མཁའི་དབྱིངས་ནི་བསམ་ཡས་པར།།སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་པ
256a2 དེ་ནས་ཡོ་བྱད་ལྔ་ལྡན་པས།།ཏིང་འཛིན་མོས་པ་སྤྱོད་མཐུན་པའི།།སྐྱེ་བོ་ཙམ་དུ་གྲངས་མཐུན་པས།།ཚོམ་པུས་འདོད་པའི་དོན་བསྒྲུབ་བྱ།།ཐབས་དང་ཤེས་རབ་འབྲེལ་པ་ཡི།།ཕོ་མོ
256a3 འདུས་པའི་གངས་མཉམ་པར།།ཡོ་བྱས་འདུས་པའི་ཚོགས་ལྡན་པས།།དགོན་པར་འཁོར་ཁང་པར་བརྩིགས་ཏེ།།རང་རང་ཐབས་དང་ཤེས་རབ་ཏུ།།བརྟགས་ཏེ་ཡོ་བྱད་ལོང་སྤྱད་ཅིང
256a4 རྡོརྗེ་གླུ་བྲོ་གར་ཐབས་ཀྱིས།།ཞག་ནི་སུམ་ཅུ་ཕྲག་དྲུག་གམ།།བཅུ་གཉིས་དུཅུ་བཞི་བཅུ་དྲུག་གིས།།ཚེ་ལ་དབང་བསྒྱུར་ཟག་མེད་ཐོབ།།དེ་ནས་རྒྱ་ཕྲག་བཅུ་དྲུག་གིས།།སྐུ་ལྔ་ལྷུན
256a5 གྱིས་གྲུབ་པར་འགྱུར།།སྐྱེ་བོ་མཛའ་བ་ཀུན་ཚོགས་པ།།རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ།།འབྱོར་པའི་ལོང་སྤྱོད་ཚོར་བ་ནི།།བདེ་བའི་ལོང་སྤྱོད་ཚོགསུ་བཤད།།ལྷ་དང་དམ་ཅན
256a6 ཀུན་འདས་པས།།འདུས་པོ་ཆེན་པོའི་ཚོགསུ་གསུངས།།ཐམས་ཅད་སྤྱོད་པ་མི་འཛིན་པས།།ཚོགས་གཉིས་རྒྱུན་ཏུ་རྫོགས་བྱེད་པས།།ཆོ་གསོ་ཆེན་པོ་རུ་ངེས་པར་བཤད།།བར
256a7 ཚད་མེད་པའི་ལམ་རྫོགས་པས།།རིག་པའི་སྐྱེས་བུ་ཐུབ་པ་མེད།།ལྷོ་མི་ཆ་བྱད་འཛིན་མོད་ཀྱི།།འབྱུང་ལྔ་ཆོ་འཕྲུལ་དབང་སྒྱུར་ཐོབ།།ཞིང་དང་ལོང་སྤྱོད་དག་པ་ཡིས།།གོང་ནས
iiif viewer powered by OpenSeadragon
255b - 256b