e-texts navigator
Collection
Volume
Page
Wylie

255b1 དྲུག་བསྒོམ།།གནས་གཅིག་གནས་གསུམ་གནས་ལྔར་ཡང་།།ཡན་ལག་ལྷ་ནི་ཆང་བར་སྒོམ།།གོམས་ནས་བསྟིམས་ཏེ་སྤྱོད་ཡུལ་ཀུན།།དེ་ལྟར་གསལ་བར་བརྟག་པར་བྱ།།རྩ་བ་གཅིག་པའི་ལྷ་བསྒོམ
255b2 པ།།ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཡིན།།སྒོ་གསུམ་བསྒོམ་ལ་རབ་འབྱོར་པས།།རྣམ་པར་གཡེང་བའི་ཆོས་སྤྱོད་འདས།།མ་ལུས་རྩ་བའི་སྤྱོད་པ་སྟེ།།ཕྱོགས་གཅིག་པ་ཡི་སྐྱེད་པར་གསུང
255b3 དེ་ནས་རྟོག་པའི་ཡན་ལག་དག།གཉིས་ཀ་ཐབས་དང་ཤེས་རབ་ཏུ།།བརྟགས་ཏེ་དེ་ལྟར་བསྒོམ་པར་བྱ།།འོད་ཟེར་འཕྲོ་བ་འབྲུ་གསུམ་ཉིད།།ཡང་ན་ཡིས་ལྔ་ཉིད།།གནས་གཅིག་སྙིང་པོར།།།
255b4 གནས་པར་བྱ།།དེ་བཞིན་བསྔོ་བ་གཙོ་མོ་དང་།།སེམས་དཔའ་དང་ནི་སེམས་མ་དང་།།ཁྲོ་བོ་ཁྲོ་མོ་སྤྲུལ་པ་དང་།།ཡིད་ཆོས་དག་ལའང་ཤེས་པར་བྱ།།ཞལ་དང་ཕྱག་དང་ལྔ་གྲངས་དང་།།ཆོམ
255b5 བུ་སྤྲོས་པས་སྤོས་བཅས་ཡིན།།སྐུ་གསུང་ཐུགས་དང་ཡོནྟ་ལས།།ཚེམ་བུ་ལྔ་ལ་ཁྲོས་བཅས་བསྒོམ།།ཡང་ན་སྐུ་གསུམ་ཐུགས་ལྡན་པའོ།།ཚོམ་བུ་གསུམ་དང་བཅས་པ་ཡི།།ཁྲོ་བོ
255b6 ཁྲོ་མོ་འཁོར་དུ་བསྒོམ།།རིགས་ཀྱི་གཙོ་སྟེ་ཐུགས་ཀྱི་མཆོག།ཁྲོ་བོ་ཚོགས་དང་བཅས་པ་ཡི།།མོས་པའི་ཚུལ་དང་སྦྱོར་བ་ཡིས།།ཚོམ་བུ་གཅིག་པོའི་ལྷ་རྣམས་བསྒོམ།།སློབ་དཔོན
255b7 མཐར་ཉའི་ལམ་གནས་པའི།།རྒྱང་གྲགས་དཔག་ཚད་ལ་སོགས་པ།།རྡོ་རྗེ་ཐིག་ཚད་བོར་ཙམ་གྱིས།།ཕྱག་རྒྱའི་དཀྱིལ་འཁོར་གསལ་ལྡན་པ།།སྣ་ཚོགས་དཀྱིལ་འཁོར་མཆོག




iiif viewer powered by OpenSeadragon

255a - 256a

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud