| | e-texts navigator
|
254b1 གཞན་གྱི་ནང་མ་ལུས་པ།།བྱང་ཞི་པོར་མ་གྲུབ་པ།།ནཱི་ལའང་མི་གནས་སྦྱོར་བ་ཡིས།།རང་པར་མི་རྟོག་ཇོ་བ་ཉིད།།བཙས་པ་མེད་པའི་ཚུལ་དུ་བསྒོམ།།གལ་ཏེ་མཚན་མའི་རྒྱུ་བ་དག།ཆུ་ལས་རྙོན
254b2 བའི་ཚུལ་བྱུང་ན།།མ་བཅོས་རང་བཞིན་བཞག་པར་ཡིས།།མ་ལུས་རྟོག་མེད་དེ་བཞིན་ཉིད།།རང་བཞིན་བཞག་པས་དག་པར་འགྱུར།།ན་མཁའ་དག་པར་འབྱུར་བའི་ཚེ།།སྦྱིན་ཀྱང་རང་འབྱུང
254b3 དག་པ་ལྟར།།བྱུང་ཚོར་དྲན་རྟོག་མ་ལུས་པ།།ཆོས་ཉིད་སྟོང་པའི་རང་བཞི་ནོ།།གང་དུ་སྣང་སྲིད་མ་ལུས་པ།།ཕྱི་ནང་མེད་པའི་སེམས་ཉིད།།དེ་ཉིད་སྟོང་པའི་རང་བཞིན་དུ།།གོམས་ཤིང་ནུས་པ
254b4 བརྟན་པའི་ཚེ།།དེ་ཉིད་རྣལ་འབྱོར་དེ་ཉིད་ནི།།སྟོང་པ་ཆེན་པོ་རྣལ་འབྱོར་ཡིན།།སྒོ་གསུམ་བྱེད་སྤྱོད་མ་བཅོས་པ།།མ་བརྟགས་མི་རྟོགས་ཅིར་མི་གནས།།འདི་ནི་རྣལ་འབྱོར་རྩེ་གཅིག་པས།།བྱ་བ
254b5 སྤངས་པའི་སྤྱོད་པ་ཡིན།།དེ་ནས་དེ་ལས་ལངས་པའི་ཚེ།།སྒྱུ་མ་ཆུ་ཟླ་སྨིག་རྒྱུ་དང་།།འཇའ་ཆེན་ལྦུ་བ་ཆུ་བུར་ལྟར།།སྣང་ཡང་དངོས་པོར་གནས་མ་ཡིན།།རིག་པ་ཕྱི་ནང་མ་ལུས་པར།།སྟོང་པའི
254b6 ཆུ་འཕྲུལ་སྣང་དུ་ཟད།།མ་ལུས་རིག་པའི་ངོ་བོ་སྟེ།།དེ་ཡང་སྒྱུ་མའི་རང་བཞིན་ལྟར།།ཞེན་ཆགས་མེད་པའི་ཚུལ་དུ་བསྒོམ།།ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ནི།།དཔག་མེད་ངོ་བོར་རང་སྣང་ཡང
254b7 བྱིན་རླབས་ཚི་འཕྲུལ་རང་སྣང་བ།།དེ་ལྟར་མ་རྟོགས་དམན་པ་ལི།།རང་འབྱུང་སྙིང་རྗེར་འཆར་བའི་ཕྱིར།།སྙིང་རྗེ་ཆེན་པོ་རྣལ་འབྱོར་ཡིན།།འགྲོ་བ་གང་དང་གང་དག་ལས།།སྙིང་རྗེ་ཆེན་པོ་གང
iiif viewer powered by OpenSeadragon
254a - 255a