e-texts navigator
Collection
Volume
Page
Wylie

253b1 བ་བསྟན་པས་མངོན་དུ་འགྱུར།།གཞན་མིན་འཁོར་ལོ་ཕོ་བྲང་ཉིད།།གནས་དང་འཇུག་དང་གཟུང་བ་དང་།།བསྟིམ་ཞིང་གནས་པ་གང་ཡིན་པ།།དེ་དག་ཉིད་དུ་བཤད་པ་ཡིན།།དྷརྨ་ཙཀྲ་གཞལ་ཡས།
253b2 ཁང་།རྩ་བཞི་ཡན་ལག་བརྒྱད་དཀྱིལ་ན།།ེ་བཾ་མ་ཡ་ལས་བཞི་དབྱིབས།།ཁ་དོག་ལས་ཀྱིས་གཙོར་གྱུར་པ།།བག་ཆགས་ས་བོན་སྙེགས་མ་དང་།།རྟོག་དང་ཐ་མལ་ཞེན་པའི་རྫས།།
253b3 ཉམས་མྱོང་འགྱུར་མེད་བཞིར་གནས་ཏེ།།ཐིག་ལེས་དེ་ཉིད་ཞི་བ་དང་།།རང་ལུས་ཕྱི་ནད་ཐིག་ལེས་རྒྱས།།རླུང་དང་ཐིག་ལེ་རྟོག་པར་བཅས།།ནུས་པས་དབང་དུ་འདུས་པ་དང་།།ཐིག་ལེས་མ
253b4 བཅོས་ན་མཁའི་དང་།།སྲོག་དང་ཐིག་ལེར་བཅས་བསྡུས་པ།། ཡི་དང་དུ་ཐིམ་འགྱུར་ཏེ།།རྒྱུ་བ་དངས་ཤིང་འཕར་བ་གནན།།མི་འགྱུར་དབྱིངས་ལ་གནས་པར་བྱ།།རང་ལུས་ཐབས་ཀྱི་ངོ
253b5 བོ་ལས།།འཁོར་ལོ་བཞི་དང་མེ་རླུང་དང་།།བསྐྱེད་པ་རླུང་གིས་ལས་རུང་བས།།ན་མཁའི་ཡེ་ཤེས་ཅིར་ཡང་གསལ།།ཐིག་ལེས་རྒྱུས་དང་ལུས་རྒྱས་པས།།བདེ་ཆེན་དབང་ཐོབ་ཞེན་ཆགས
253b6 བྲལ།།ཏིང་འཛིན་སྦྱོར་བས་གང་བསྐུལ་ན།།རིམ་པའི་རྟགས་དེང་ནུས་པ་བྱུང་།།ཁ་དོག་གྲངས་དང་སྙིང་པོ་དང་།།དབྱིབས་དང་ཚད་དང་ཐིག་ལེ་ཡི།།ཁྱབ་པ་ལ་སོགས་མཐའ་ཡས་པ།
253b7 བཞུགས་ཚུལ་དེ་ཉིད་དེ་བཞིནོ།།འཁོར་ལོ་བཞི་ཡི་ཐབ་ཁུང་དུ།།གཏུམ་མོ་བྱིན་པའི་ལས་བསྐུལ་བས།།དངས་སྒྱོགས་རྟོག་པའི་བག་ཆགས་དག།མི་ཤགས་ཐིག་ལེར་མཆོད་པ་ཕུལ།།




iiif viewer powered by OpenSeadragon

253a - 254a

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud