e-texts navigator
Collection
Volume
Page
Wylie

253a1 ནི།།ནུས་དང་མི་ནུས་ཁྱད་པར་བརྟག།དེ་ནས་ནུས་པ་ཐོབ་པ་སྟེ།།དེ་ནས་བདེ་བའི་རྩལ་ཐོབ་ནས།།ཐོགས་པ་མེད་པའི་ཕྲིན་ལས་འགྲུབ།།ཟག་མེད་ལམ་ལ་གོམས་སྦྱངས་པ
253a2 ཆོ་འཕྲུལ་བཞི་དང་ཕྲིན་ལས་བཞི།།གདུལ་བྱ་ཞིང་དང་ནུས་མཐུ་དང་།བྱིན་བརླབས་རྩལ་གྱི་ཁྱད་པར་འཕགས།།མཐར་ཕྱིན་སྐུ་ལྔའི་ཞིང་ཐོབ་པས།།མ་རྩལ་ཆུ་དང་རླབས་བཞིན་དུ།
253a3 དཔག་མེད་ཡོན་ངོ་བོའི་ཕྱིར།།ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡིན།།ལས་དང་ཉོན་མོངས་གདུག་པ་དང་།།སྡུག་བསྔལ་རྟོག་པ་ཇི་སྙེད་པ།།ཆོ་ག་ཐབས་དང་ཏིང་འཛིན་གྱིས།།ལྷན་ན
253a4 ལྒང་དེར་ཞི་བར་འགྱུར།།ང་རྒྱལ་རིན་ཆེན་གཟི་བརྗིད་ཀྱིས།།དཔལ་དང་ལེང་སྤྱོད་འཕེལ་བ་དང་།།ཚེ་དང་ལང་ཚེ་སྟོབས་ལྡན་ཞིང་།།ཡོན་ན་མཁའི་མཐའ་དང་མཉམ།།འདོད་ཆགས
253a5 རྡོ་རྗེ་ཏིང་འཛིན་གྱིས།།བདུད་དང་གདུག་པ་རྒྱལ་པོ་དང་།།ལྷ་དབང་སྲིན་པོ་མཁོ་འགྲོ་མ།།ཕྱག་ན་རྡོ་རྗེའང་དབང་དུ་འགྱུར།།ཞེ་སྡང་རྡོ་རྗེ་ཏིང་འཛིན་གྱིས།།ཆོ་ག་རྫས་དང་སྟོབས་ལྡན
253a6 པས།།ཆོས་སྐུ་རྡོ་རྗེའང་འཇིག་འགྱུར་ན།།གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས།།རང་ལུས་བདེ་ཆེན་ཀུན་གྱི་དབྱིངས།།རང་ལུས་ཐིག་ལེའི་ཐབས་མཁས་པས།།སྦྱོར་བ་རླུང་གི་གོམས
253a7 སྟོགས་ཅན།།དཀྱིལ་འཁོར་ནང་ལ་གནས་གྱུར་པས།།ཉམས་ཀྱིས་ལས་བཞི་གསལ་གྱུར་ཏེ།།རིམ་པ་ཆི་བཞིན་འགྱུར་བ་དང་།།རང་གི་མངོན་པར་གསལ་གྱུར་པ།།ནུས




iiif viewer powered by OpenSeadragon

252b - 253b

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud