| | e-texts navigator
|
252b1 རིམ་པ་ཉིད་བཤད་པར་བྱ།།དད་དང་བརྟུལ་ཞུགས་ཆེ་བ་དང་།།ཐོག་པ་ཆེན་པོར་རིག་ངེས་ཤིང་།།སྙད་རྩི་དབང་དང་དམཆོག་ལྡན།།སྒྲུབ་ལ་བརྩོན་པའི་གང་ཟག་གིས།།ལུས་དང་ལོང་སྤྱོད་འཚོ་བ།
252b2 དང་།།བུ་དང་ཆུང་མ་རྒྱལ་སྲིད་ཀྱིས།།དང་པོར་བླ་མ་མཉེས་བྱས་ལ།།ཐབས་ལ་མཁས་པས་འདོད་པ་བླང་།།ཕྱི་ནང་སྣོད་བཅུད་མ་ལུས་པ།།རང་བྱུང་ཡེ་ཤེས་རང་སྣང་བ།།གཅིག་དང
252b3 དུ་མ་མེད་ཚུལ་གྱིས།།བདེན་པ་གཉིས་མེད་འབྲེལ་པ་ཉིད།།བྱིན་བརླབས་སྒྲ་དང་གཏན་ཚིགས་ཀྱི།།རང་འབྱུང་ཡེ་ཤེས་མངོན་དུ་སྣང་།།རང་གནས་འཁོར་ལོ་བསམ་མི་ཁྱབ།།རྟོག་གེའི
252b4 སྤྱོད་ཡུལ་མ་གྱུར་པ།།ཐབས་ཆེན་ཐབས་ལས་བྱུང་བ་ཡི།།འཕེལ་དང་དགའ་བདེ་ལོང་སྤྱོད་ཕྱིར།།རྒྱས་པའི་ལས་ལ་འབད་པར་བྱ།།དབང་ཆེན་གཟི་བྱིན་ཆེ་བ་དང་།།རྒྱལ་རིགས་བློན་པོ་བྲམ་ཟེ།
252b5 དང་།།གདུག་པ་དབང་དུ་སྡུ་བའི་ཕྱིར།།རྗེས་དགུག་དབང་གི་ལས་བརྩ་མོ།།དགྲ་དང་བགེགས་སོགས་མ་རུངས་པ།།གང་གིས་འདུལ་བར་མི་ནུས་པ།།གཟིར་ཞིང་འདུ་ཤེས་བསྒྱུར་བའི
252b6 ཕྱིར།།དྲག་པོ་བསྒྲལ་བའི་ཕྲིན་ལས་བརྩམ།།གང་ཡང་རུང་བའི་དངོས་པོ་ལ།།དང་པོ་མི་མཐུན་ཞི་བར་བྱ།།དེ་ནས་ཡོན་རྒྱས་པར་བྱ།།དེ་ཉིད་དབང་སྤུ་ལས་ལ་སྦྱར།།གལ་ཏེ་དབང་དུ་མཱ
252b7 གྱུར་ན།།དྲག་པོས་གཟིར་ཏེ་བསྒྲལ་བར་བྱ།།གལ་ཏེ་ལོག་པར་ལྷུང་སྲིད་པས།།འོག་མིན་གནས་པཊ་གྱིས་འཕང་།།ངེས་པར་འགྲུབ་འགྱུར་གདོན་མི་ཟ།།དང་པོར་སྔོན་བྱའི་ལས་རྒྱ།
iiif viewer powered by OpenSeadragon
252a - 253a