| | e-texts navigator
|
252a1 ལ།།དབང་དང་རྒྱུད་པ་བྲལ་བ་ཡིས།།ཚིག་དང་རིགས་པས་ཅི་བསྟན་ཀྱང་།།རིགས་ངན་རྒྱལ་སར་བཞག་པ་ལྟར།།བདག་ཕུང་གཞན་རླག་འཛག་པར
252a2 འགྱུར།།གང་དུ་གསང་བའི་ཐིག་ལེ་ཉིད།།གསང་བའི་ལམ་ལྔར་ཉམས་སྐྱེས་པས།།ཟག་མེད་བདེ་བའི་དཀྱིལ་འཁོར་དུ།།མཁའ་གྲོ་གསུམ་ལ་གང་བརྟེན་པས།།ཡེ་ཤེས་ཐིག་ལེ་རྒྱ
252a3 དཔག་སྡེ།རིམ་པར་མཐར་ཐུག་གནསུ་འགྱུར།།གང་ཞིག་འདི་ལ་འདྲིས་གོམས་པས།།རྒྱུ་བ་ཐིག་ལེར་ཐིམ་པ་དང་།།དྲན་རྟོགན་མཁའ་གསལ་བ་དང་།།བདེ་ཆེན་སྔོན་དུ་སྨིན་པ་ཡིས།།
252a4 འཆི་མེད་སངས་རྒྱས་ས་ལ་སྦྱོར།།འཇིགས་པ་ཀུན་ལས་གྲོལ་བ་དང་།།ལྷ་མོ་ཚོགས་ཀྱིས་བྱིན་བརླབས་ནས།།རོལ་རྩེད་སྣ་ཚོགས་བསྒྱུར་བྱེད་ཅིང་།།ཐབས་དང་ཤེས་རབ་གཉིས་མེད
252a5 ཅིང་།།ལོང་སྤྱོད་རྫོགས་པའི་ཞོལ་མཐོང་ཞིང་།།རྡོ་རྗེ་དབང་གིས་མཚམས་སྦྱར་ནས།།ཡི་གེ་འཁོར་ལོ་ཚོགས་མཆོག་མཉེས།།ན་མཁའི་མཐར་ཐུག་བར་དུ་ནི།།བདེ་ཆེན་ཡེ་ཤེས་ཟག
252a6 པ་མེད།།ཡེ་ཤེས་རྒྱ་མཚོ་བྱིན་བརླབས་ཅན།།ན་མཁའ་ལྟ་བུར་དཔག་མེད་པ།།རྒྱལ་བ་ཀུན་གྱི་ངོ་བོར་འགྱུར།།རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས
252a7 ཕྲིན་ལས་མཐའ་ཡས་པ་བཤད་པའི་ལེའུ་སྟེ་བཅུ་པའོ།།།།དེ་ནས་གཞན་ཡང་བཤད་བྱ་བ།།དསང་བའི་ལམ་ལ་གང་དགའ་བས།།ཐུན་མོང་མ་གྱུར་གསང་བའི་ལཾ།།
iiif viewer powered by OpenSeadragon
251b - 252b