| | e-texts navigator
|
251a1 མི་མཐུན་ལོག་པའི་ཆོས་བརྟགས་ན།།ཐབས་ཀྱི་རིམ་པའི་ཆོ་ག་ཡིས།།གདོན་དང་སྤོས་དང་གནན་པ་དག།ཇི་ལྟར་རིགས་པར་བརྟག་པར་བྱ།།རང་ལུས་ཐིག་ལེ་ལ་ཉམས་མྱོང
251a2 ལ།བར་ཆད་མེད་པར་གསལ་འཇུག་པའི།།ཐ་མལ་ཞེན་པ་བསྒྱུར་བ་དང་།།བདེ་བའི་དབང་ཕྱུག་སྨིན་པ་དང་།།དྲན་རྟོག་རྒྱུད་སོགས་ཞི་བ་དང་།།བདེ་ཆེན་རྒྱས་པས་ཁྱབ་པ་དང་།།རླུང་དང
251a3 བདེ་བའི་རྣལ་འབྱོར་གྱིས།།ཐམས་ཅད་དབང་དུ་སྡུད་པ་དང་།།དྲི་ནི་རྟོག་ཨ་ཡེ་དང་དུ་གནས།།འདི་ནི་ནད་གྲི་རིམ་པ་ཡིན།།དེ་ནས་གསང་བ་བཤད་བྱ་བ།།ཐབས་དང་ཤེས་རབ་འབྲེལ་བ་ལྔ།།
251a4 གསང་བའི་ཕྲིན་ལས་བཞིར་འབྱུང་བ།།དཀའ་ཐུབ་ཅན་དང་ཐ་མལ་དང་།།ཐུན་མོང་ལམ་ལས་ཟློག་ཕྱིརརོ།།འདོད་ཆགས་ཞེན་ཅིང་དབང་པོ་སྨིན།།ཚད་ལྡན་ཡུམ་དང་བཅས་པ་ཡི།།བདེ
251a5 ཆེན་དགོན་པ་ཐིག་ལེའི་གནས།།ཡོན་ཁྱད་པར་ཀུན་ཏུ་རྫོགས།།གཉིས་མེད་འཁྲིལ་བའི་ངོ་བོ་ནི།།བདེ་བ་ཆེན་པོ་འབྱུང་བའི་གནས།།གསང་བའི་བྷ་ག་རྒྱས་པ་ནི།།ཞི་རྒྱས་དབང་དྲག
251a6 ཚུལ་བཞིན་དང་།།ནུས་པ་བྱིན་བརླབས་གང་ལྡན་པ།།གསང་བའི་ཐིག་ལེའི་ཚུལ་ལ་གནས།།པདྨ་གསང་བའི་ཐབ་ཁུང་དུ།།གསང་བའི་སྦྱིན་སྲེག་གང་ཕུལ་བ།།ལོ་དང་ཟླ་བ་མ་ཡིན
251a7 པར།།མྱུར་དུ་བདེ་ཆེན་ལུས་གྱུར།།ཐབས་དང་ཤེས་རབ་ལས་བྱུང་བའི།།དངས་སྙོགས་བཅུད་དང་བག་ཆགས་དང་།།ཉི་ཟླ་ཁུ་བར་བཅས་པ་ནི།།བདེ་ཆེན་གསང་བ་མཆོད་པའི་རྫས།།
iiif viewer powered by OpenSeadragon
250b - 251b