| | e-texts navigator
|
250a1 པའི་ཁྱིམ་ནས་མེ་བླངས་ཏེ།།ལས་དང་འཐུན་པའི་ར་སྐྱེས་མནན།།ས་བོན་བཞི་ལས་རིམ་པ་བཞིན།།པ་པ་ཀ་དང་དབང་ཆེན་དང་།།གཟི་བྱིན་ཅན་དང་འཇོམས་བྱེད
250a2 བཞི།།སྐུ་མདོག་ལས་བཞིས་ཕྱེ་བ་སྟེ།།འགུ་འདི་སྒྲོམ་དང་ཞགས་པ་དང་།།རྩེ་གསུམ་གཡོན་པ་བགྲང་ཕྲེང་ཉིད།།རིགས་བཞིས་ལས་བཞི་བྱིན་བརླབས་དབུ།།སྤྱན་དྲང
250a3 མཆོད་བསྟོད་ལས་རྫོབས་ནས།།ལྟོ་བར་བྲུམ་ལས་གཞལ་ཡསུ།།ལས་དང་འཐུན་པའི་ལྷ་བསྐྱེད་ལ།།རང་རང་རྟོག་པའི་ཆོ་ག་བཞིན།།བསྲེག་དང་བྲྀ་གར་ལས་བྱས་པས།།གང་ཡང
250a4 འགྲུབ་པར་ཐེ་ཙོམ་མེད།།ཞེ་སྡང་ཅན་དང་ང་རྒྱལ་ཅན།།སྡུག་བསྔལ་གདུག་སེམས་ནད་གཟིར་བ།།དེ་འདྲ་ཞི་བར་བྱ་བའི་ཕྱིར།།ཞི་བའི་ལས་ནི་རྩོམ་པ་ཡིན།།ཚེ་ཐུང་ནད་མང
250a5 དཔལ་ལོང་སྤྱོད།།ཕོངས་དང་ཉམ་དེ་འཇིགས་པ་དག།དངས་སྙིགས་ཟད་ནས་སྙིང་པོར་ཐིམ།།ཐིག་ལེ་མི་ཤིགས་བཅུད་འདུས་པ།།སྟོང་ཉིད་ཐིག་ལེའི་ངང་དུ་འགག།རྒྱུ་བའི་རླུང་ལ
250a6 དབང་ཐོབ་ཅིང་།།མངོན་ཤེས་སྐྱེ་འཇིགས་ཐོབ་བྲལ་བས།།བདེ་ཆེན་ན་མཁའི་ཡེ་ཤེས་ཉིད།།རྡོ་རྗེ་ཐིག་ལེ་འགྱུར་འཇིག་མེད།།སྟེང་དང་འོག་ལས་གང་སྦྱར་བས།།སྐུ་གསུང་ཐུགས
250a7 ཀྱི་ཕོ་བྲང་དག།བདེ་ཆེན་ཏིལ་འཕྲུ་བཅུད་བཞིན་དུ།།ཉི་ཟླ་གནས་པའི་བར་དུ་འབར།།འབབ་པ་ཐིག་ལེ་ཟླ་བའི་གཟུགས།།ཁ་བཅད་རླུང་གིས་གཟུང་བྱ་ཞིང་།།འོག་གིས་ཕུལ་ཞིང་སྟེང
iiif viewer powered by OpenSeadragon
249b - 250b