| | e-texts navigator
|
248b1 ཆེན་འོད་ཟེར་གྲོ་གནས་པ།།ཐབ་ནི་རྒྱས་པར་གསུངས་པ་ཡིན།།དབངུལ་པ་དམར་ཆགས་འདུ་ནན།།ཟླ་གམ་གཞུ་འདྲ་པདྨས་མཚན།།རིམ་གསུམ་རྗེ་དང་བཅས་པ་ནི།།དབང་དུ་བྱ་བའི་ཐབ་ཡིན།།
248b2 དྲུག་པོ་ས་ནག་དུར་སོལ་ཅན།།གྲུ་གསུམ་རྡོ་རྗེ་རྩེ་གསུམ་གདང་།།ཐཾད་ཕྲེང་འོད་ནཔ་རིམ་གསུམ་དྷི།།དྲག་པ་ཐབ་ཀྱི་མེ་བཱི་ཡིན།།འོ་མ་ཅན་དང་གསེར་ཅན་དང་།།ཆགས་པ་ཅན་དང་ཆེར་མ་ཙ།
248b3 ཕྲིན་ལས་བཞི་ནི་སོ་སོ་ཡི།།ཡམ་ཤིང་བསྲེག་ཤིང་ཉི་དུ་བཤད།།ལིང་གྲ་ཁ་དོག་སོ་སོ་སྟེ།།གནས་ཀྱང་ཐག་ཁུང་བཞིན་དང་མཚུངས།།མར་དཀར་འབྲས་དཀར་ཏིལ་དཀར་དང་།།ནས
248b4 དཀར་ཆེན་དང་འོ་མ་ཞོ།།དངུལ་ཕྱེ་གཏོར་མེ་དཀར་པོར་བཅས།།ཞི་བའི་བསྲེག་གཏོར་རྫསུ་བཤད།།མར་སྙིང་བུ་རམ་སྦྲང་རྩི་དང་།།འབྲས་དང་ཆན་རྣམས་ལྡོང་རོས་དང་།།མེ་ཏོག་གསེར།
248b5 དང་ཙན་དན་བཅས།།འདི་དག་རྒྱས་པའི་རྫས་ཉིད།།དཔལ་དང་གཟི་བྱིན་རྒྱས་པར་འགྱུར།།ཚ་བའི་མར་དང་ཆང་སྐྱུར་དང་།།རམ་བུ་པདྨ་རག་ཏ་དང་།།འབྲས་དམར་ཙན་དན་ཟངས་ཕྱེ་དང་།།
248b6 གཏོར་མ་དམར་པོ་དབང་རྫས་ཡིན།།ཚིལ་ཆེན་མར་དང་ཚ་བ་གསུམ།།ཀླུང་ཆེན་ཤ་ཁཱག་སྲན་ཆན་དང་།།དུག་གསུམ་ཐལ་ཆེན་ཚ་བ་མར།།སྐ་ཚེ་ཕྱེ་གསུམ་མི་ཁྱག་དང་།།མིང་རུས་སྤེལ
248b7 མར་བཅུས་གཏོར་མས།།བསྒྲལ་བ་དྲག་པོའི་རྫ་སུ་བཤད།།དངུལ་ལམ་དཀར་པོའི་ཤིང་རྣམས་ལ།།མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ།།ལོགས་ལ་ཞི་བའི་ལྷ་བཀོད་ལ།།དེ་བཞིན་གཤེགས
iiif viewer powered by OpenSeadragon
248a - 249a