e-texts navigator
Collection
Volume
Page
Wylie

248a1 ལྡན་པ་ཡིས།།རོལ་པའི་ཚུལ་ནི་སྣ་ཚོགས་ཀྱིས།།རྡོ་རྗེ་བཅུད་ཆེན་ཟླ་བཅས་པས།།ཉི་མ་ཆགས་པ་དང་བཅས་པའི།།པདྨའི་སྐྱིང་པོའི་སྤངས་མཛད་ཅིང་།།དགའ་བ
248a2 འོད་དང་འཁྱུད་པའི་གྲཝར།།རླུང་གི་སྙིང་པོ་བརྗོད་བྱེད་ཅིང་།།སྲིད་པའི་མྱུ་གུ་འགོག་པར་མཛད།།རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་མེ་ལོང་གི་རྒྱུད་ཆེན་པོ་ལས་བསྒྲུབ་པ་མ
248a3 ལུས་པར་བཤད་པའི་ལེའུ་སྟི་དགུ་པའོ།།།།དེ་ནས་གཞན་ཡང་བཤད་བྱ་བ།།རྟོག་པའི་རྒྱལ་པོ་མ་ལུས་པ།།བྱ་བ་ལས་ཀྱི་རིམ་པ་དག།བཞིར་ནི་གསལ་བར་གསུངས་པ་ཡིན།།
248a4 དང་པོར་ཞི་བའི་རང་བཞིན་ཏེ།།དེ་འོག་རྒྱས་པས་རྒྱས་ཕྱིར།།རྒྱས་པས་དབང་དུ་བྱ་བ་དང་།།དབང་མི་འདུ་བ་བསྒྲལ་ཕྱིར་སྟེ།།ཐུན་མོང་ཁྱད་པར་ཡོན་རྫོགས།།བྱ་བའི་ལས་ལ་མ་རྨོངས
248a5 ཤིང་།།ནུས་པ་བརྟན་པའི་རང་བཞིན་གྱིས།།རིམ་པ་ཇི་བཞིན་བརྩམ་པར་བྱ།།གངས་དཀར་འདབས་དང་ཡིད་འདོང་བ།།ཞི་བའི་ལྗོན་ཤིང་མེ་ཏོག་ཚལ།།འབྲས་ལྡན་རྒྱས་པའི་རང
248a6 བཞི་ནོ།།སུམ་མདོ་དམ་གྲོག་གཏིང་ཟབ་པས།།དབང་དུ་བསྡུ་བའི་གནསུ་བཤད།།དུར་ཁྲོད་མཚན་གཅིག་རྒྱ་གྲམ་གནས།།འབྱུང་པོ་འདུ་སར་དྲག་པོ་ཤིས།།ཞི་ལས་གཞི་དཀར
248a7 ལྡན་པ།།ཟླུམ་པོ་སུམ་རིམ་ཨོཾ་དང་བཅས།།འཁོར་ལོ་འོད་དཀར་དང་བཅས་པ།།ཞི་བའི་ཐབས་ཀྱིས་རང་བཞིན།།རྒྱས་ལ་སེར་པོ་ཙན་དན་བཅས།།གྲུ་བཞི་རིམ་གསུམ་ཏྲཾ་དང་བཅ




iiif viewer powered by OpenSeadragon

247b - 248b

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud