e-texts navigator
Collection
Volume
Page
Wylie

247b1 ལ་བཟུང་ཞིང་གནས་པར་བྱ།།དེ་དང་རྩེ་ཕྲད་གཉིས་བཟློག་པས།།བདེ་བའི་མྱུ་གུ་གསོ་བྱས་པས།།ཐ་མལ་ཞེན་པ་ཀུན་བྲལ་ནས།།རྟོག་དང་ལྷན་ཅིག་གང་སྨྲས་པ།།དངས་སྙིགས་བྱེ་མའི་ཉམས
247b2 དག་གིས།།སྙིགས་མ་བག་ཆགས་ཞེན་བཅས་པ།།དེ་ཡི་སྟོབས་ཀྱིས་གནས་མི་འགྱུར།།གསང་བའི་ཐིག་ལེ་སྟོབས་ལྡན་པས།།རིགས་ངན་ཐ་མལ་ཞེན་ཚིགས་དང་།།དྲིན་རྟོག་མ་ལུས་ཕམ།
247b3 བྱས་སྟེ།།ཕྱི་ནང་སྣོད་བཅུད་མ་ལུས་པ།།ལྷན་ཅིག་སྐྱེས་པའི་རང་བཞིན་དུ།།མ་ལུས་དཔུང་བཙུགས་རྒྱལ་བར་མཛད།།རྡོ་རྗེ་པདྨའི་སྙིང་པོ་ལ།།དགའ་བའི་རོལ་པའི་བདག་ཉིད་ཀྱིས།།ཐབས
247b4 དང་ཤེས་རབ་གསལ་བའི་རོ།།ཕྱོགས་བཅུའི་རྒྱལ་བ་འདུས་པའི་རོ།།ཟག་མེད་ཡོན་གཏེར་ཆེན་པོ།།གསང་བ་ཐབས་ཀྱིས་སྟོབས་ལས་གྲུབ།།བདེ་ཆེན་སྙིང་པོ་ཐིག་ལེའི་རོ།།དབབ་དང་གཟུང
247b5 བཟློག་འབྱོངས་པ་ཡིས།།རྩ་གསུམ་གང་ཞིག་ཐིམ་པའི་ཚེ།།བར་ཆད་མེད་པའི་བདེ་བ་དང་།།ཐམས་ཅད་མཁྱེན་པའི་མངོན་ཤེས་དང་།།སྐྱེ་ཤི་མེད་པའི་ཚེ་འཐབ་ཅིང་།།མི་འགྱུར་ཆོས
247b6 སྐུ་ཐིག་ལེ་ལ།།རྒྱུ་བ་སྤངས་པའི་ཚུལ་གྱིས་གནས།།བདེ་ཆེན་ཆོ་འཕྲུལ་དཔག་མེད་པས།།གསང་བའི་ཞིང་ཁམས་དག་བྱེད་ཅིང་།།གསང་བ་ཆོས་ཀྱི་འཁོར་ལོ་བསྐོར།།བདེ་ཚན་ཉམས
247b7 དང་དགའ་བའི་གར།།ཆགས་པའི་སྒྲ་ནི་སྣ་ཚོགས་པས།།ཇི་སྲིད་ན་མཁའི་མཐར་ཐུག་པར།།གླུ་ནི་སྣ་ཚོགས་ལེན་བྱེད་ཅིང་།།མཛེས་དང་ངོ་ཚ་སྤངས་པའི་ཚུལ།།མདོག་དམར་རླན་དང་།




iiif viewer powered by OpenSeadragon

247a - 248a

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud