e-texts navigator
Collection
Volume
Page
Wylie

247a1 སྙིང་ནང་བདེ་བར་འབར་གྱུར་ནས།།རང་ལུས་རྟག་སུ་བདེ་ཆེན་འབར།།མངོན་ཤེས་རིན་ཆེན་རྩ་ལ་ཕོག།རིག་པའི་མངོན་ཤེས་ལྔ་རུ་འཆར།།དེ་ནས་མི་འགྱུར་སྟོང་པའི།
247a2 འགྱུར་མེད་ཀུན་སྣང་རླུང་ལ་ཐིམ།།དམན་པས་མི་འགྲུབ་ཁྱད་པར་ཐབས།།གསང་བའི་ཐིག་ལེ་འབབ་ཞོན་གྱིས།།རྩ་བཅུད་ཏིང་འཛིན་འབྲེལ་པའི་སྟོབས།།བསྐལ་པ་དུ་མའི་སྙོམས་དགགས
247a3 ཏེ།།དངས་མའི་ཡེ་ཤེས་རླུང་དུ་འགྲུབ།།ཕྱིན་པ་མེད་པར་མཐར་སོང་བ།།བདེ་ཆེན་གྲོམས་པའི་སྟོབས་ལས་གྱུར།།བཅུད་ལྔ་འདུས་པའི་ཐིག་ལེ་ནི།།རོ་ལྔ་འདྲེས་པའི་བདྲོ་ཆེན་དེ།།བསྒོམ
247a4 དང་མཐར་བྱིན་ཁྱད་པར་གྱིས།།བདེ་བ་ཆེན་པོ་རིགས་མཆོག་གནས།།དེ་ནས་གང་ཡིན་བརྗོད་བྱ་བ།།ཟབ་མོ་ཀུན་རྫོགས་བརྟུལ་ཞུགས་ཅན།།དབང་པོ་དང་ཞིང་སྨིན་པ་ཡི།།ཆགས
247a5 ཅན་ཉི་ཟླ་འཛིན་ནུས་པས།།སྤྱི་གཙུག་ཐིག་ལེའི་འཁོར་ལོ་དང་།།གསང་བའི་འོག་མིན་ནུས་ལྡན་པ།།འབྱོར་པའི་རྟེན་ཅན་འདི་ཉིད་གནས།།ཐབས་དང་རོལ་པའི་ཁྱད་པར་དང་།།ཏིང
247a6 འཛིན་རླུང་གི་དབང་ཐོབ་སྟེ།།འབྱུང་བཞི་སྙིགས་ཕྱེ་དངས་དུསུ།།ཉི་ཟླ་འདྲེས་པའི་གར་ཐབས་ཀྱིས།།ལྷ་མོ་རྣམས་དང་ལྷན་ཅིག་ཏུ།།རོལ་པའི་ཐབས་ཀྱིས་གང་རྩན་པ།།བྱེ་བྲག
247a7 བརྒྱད་བཅུ་གཉིས་འདུས་པའི།།པདྨའི་སྙིང་པོ་ཀུན་བཀུག་སྟེ།།ཐིག་ལ་དཔའ་བོ་ལྔ་ཡི་སྟོབས།།མི་སྡོད་འཕྲོ་བའི་རང་བཞིན་ཉིད།།ཐབས་དང་ལྡན་པའི་རྣལ་འབྱོར་གྱིས།།བཅིངས




iiif viewer powered by OpenSeadragon

246b - 247b

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud