| | e-texts navigator
|
246b1 ཡིས།།མོ་ལུས་བསྐྱོད་ཅིང་འགུགས་པར་བྱེད།།དངས་སྙིགས་རྒྱུ་དང་མི་རྒྱུ་བའི།།རླུང་གི་ཐིག་ལེས་དབང་བསྒྱུར་ནས།།འཕྲོ་ཞིང་འཛག་པའི་ཐིག་ལེ་ཉིད།།རླུང་གིས་འཆིང་བ་ཉིད་ཡིན་ཏེ།།
246b2 ཐིག་ལེ་སྙིགས་མརོ་ཉམས་གྱུར་པ།།ཐབས་དང་རླུང་བཅུད་སྟོབས་ལྡན་པས།།པདྨ་ལ་ནི་ཆུ་བཞི་ནོ།།རངའོ་བྱུང་ཐིག་ལེའི་རང་བཞིན་ལས།།རྟེན་དྲང་ཟག་པ་སྙིགས་མ་དང་།།འཁོར་བའི
246b3 རྩ་དང་ས་བོན་དང་།།ལོ་ཏོག་ཐིག་ལེ་ཞེ་ན་བཅས་པ།།རང་བྱུང་ན་མཁའི་ཐིག་ལེས་འཇིགས།།རང་ལུས་བདེ་ཆེན་སྙིང་པོ་ལ།།ན་མཁའ་སྤྲིན་ལྟར་མི་ཕྱེད་ཅིང་།།དངས་སྙིགས་བདེ་བའི་རང
246b4 བཞིན་ཉིད།།ཐིག་ལེ་ཆུ་དང་འོ་མ་དང་།།གནས་པ་རླུང་དང་རྟོན་སྟོབས་ཀྱིས།།དངས་སྙིགས་ཕྱེ་ལ་དྲངས་མ་བསྟིམ།།རང་སྙིང་ལུས་ལ་འོད་སྣང་བའི།།ཕྱི་ནང་དངོས་རྟོགས་མ་ལུས་པ།།
246b5 རླུང་སོགས་འཁོར་ལོའི་འཕེན་སྟོབས་ཀྱིས།།དེར་མི་གནས་པར་གོམས་པར་བྱ།།གང་དུ་སོ་བོན་སྙིགས་བཙས་པ།།ན་མཁའི་ཡེ་ཤེས་ལྔ་འབར་བས།།གང་དུ་རྒྱུ་བར་བཅས་པའི
246b6 ཡོད།།དེ་མ་ཐག་པར་རྣམ་པར་བརླག།རླུང་དང་རྩ་དང་ཐིག་ལེར་བཅས།།ཐབས་ཀྱིས་བསྐུལ་བའི་རོ་ལྡན་པས།།མ་ལུས་ཐིག་ལེའི་རང་བཞིན་པས།།མི་མཐུན་ཞེན་པས་རྣམ་གྲོལ
246b7 བས།།རང་སེམས་རྟེན་བཅས་ཐིག་ལེ་ནི།།དངས་མའི་ཡེ་ཤེས་བློ་ལྡན་པ།།ཀུན་ཁྱབ་བདེ་འབྱུང་སྙིང་པོ་ཅན།།གསང་བའི་རིག་པའི་གཏེར་ཁ་འབྱེད།།ཕྱི་ནང་རྒྱུ་བ་ཐིག་ལེར་བཅས
iiif viewer powered by OpenSeadragon
246a - 247a