e-texts navigator
Collection
Volume
Page
Wylie

244a1 ཁྲག་ཆན་བྱུཿ།ནང་དུ་ལིང་ཁ་བདུད་རྩི་ལྔ།།ཆགས་པའི་རྒྱུ་དང་ཚ་བ་དང་།།ཤེས་པ་ཆགས་པའི་རྟེན་ལ་བྱས།།ཕོ་ཉས་མིང་རུས་སྡུས་བཀུག་ལ།།བསྟིམས་ལ་ཕྱག་རྒྱས
244a2 བཅིང་བར་བྱ།།ལྕགས་སམ་ནག་པོའི་ཤིང་ལས་བྱས།།དྲག་པོའི་ཕུར་པས་གནས་གསུམ་གདབ།།ཧྲཱིཿཥྚྲཱིཿདྲག་པོས་གཡས་གཡོན་ནས།།ཁྲོས་པི་སེམས་ཀྱིས་བསྲེག་བྱས་ནས།།དེ་ནང
244a3 དྲག་པོ་ཆེར་མ་ཅན།།ནམ་ཕྱེད་གཅེར་བུས་བསྲེགས་བྱས་ནས།།ལྷ་ཡང་རུང་སྟེ་བརླག་པར་འགྱུར།།གེ་ལི་ཏེ་དབྱེ་བའི་ལས་བྱེད་ན།།བདག་ཉིད་ཡ་མཱན་ཏཱ་ཀ་སྟེ།།རྔམ་ཞིང་གདུག་གཏུ
244a4 ང་རྒྱལ་ཅན།།ཤིན་ཏུ་འཇིགས་ཤིང་སྡིགས་པར་བསྒོམ།།ཉི་མས་འཇིགས་དེའི་དང་རུང་དང་།།མུན་པས་འཇིགས་པའི་གུང་རུ་ལ།།གང་ཡིན་དེ་ཉིད་བྲིས་ལ་བླན།།ལྷ་དང་ལྷ་མིན
244a5 གཉིས་ལ་གཏད།།རླུང་གི་ཕྱོགསུ་དེ་ཡིས་བསྐྱོད།།སྤྲུལ་པ་ཕོ་ཉས་གཡུལ་འགྱེད་ཅིང་།།འཐབ་ཅིང་རྩོད་པར་རྣམ་པར་བསམ།།བར་དུ་ཁྲ་དང་བྱ་རོག་འཐབ།།མེ་ཆུ་རླུང་གིས་འབུད
244a6 བསམས་ན།།དོ་ནི་གྲང་ཡིན་སུ་ཡང་རུང་།།འབྲལ་ཞིང་འཐབ་པ་ཉིད་དུ་འགྱུར།།རྒྱལ་པོ་བྲམ་ཟེ་བློན་པོ་དག།གདུག་པ་གནོད་པ་ཅན་གྱི་རིགས།།མི་གནས་བསྒྲེད་པར་བྱ་བའི་ཕྱིར།།
244a7 བདག་ཉིད་ཨཾ་པར་ཙི་ཏ་སྟེ།།དྲག་པོ་ཁྲོས་དེའི་ཚུལ་དུ་སྒོམ།།དགྲ་བགེགས་གང་ཡང་རུང་བ་ཡི།།འོག་ཏུ་རླུང་སྙིང་བཅས་པ་བྲི།།སྟེང་དུ་མིང་རུས་བཅས་བསྐྱོན་ལ།།མདུན་ན




iiif viewer powered by OpenSeadragon

243b - 244b

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud