e-texts navigator
Collection
Volume
Page
Wylie

243b1 གལ་ཏེ་སྦྱར་དུ་སད་པ་ན།།ཆོ་འཕྲུལ་ཆེ་ཞིང་ལོག་སྟོན་ན།།དབང་དྲག་ང་རྒྱལ་ཆེན་པོ་ཡིས།།དབང་དུ་བསྡུ་དང་ཟིལ་གྱིས་མནན།།དེ་དག་ཆགས་པས་རོལ་སྤྱད་ན།།སྐད་ཅིག་ཆོ་འཕྲུལ་བཞི་ཐོབ་སྟེ།།སྐྱེ
243b2 ཤི་མེད་པར་གནས་པ་དང་།།མ་ལུས་འདེ་ཆེན་འབར་བ་དང་།།ཞིང་ཁམས་ཀུན་ཏུ་བགྲོད་པ་དག།ཐོགས་པ་མེད་པར་འགྲུབ་པར་འགྱུར།།གཙང་མ་བྱིས་པ་རྨ་མེད་པ།།ཡིད་འོང་ལེགས་པ་བཅའོ།
243b3 བླངས་ནས།།དག་ཅིང་བདུད་རྩིས་དྲི་བྱུགས་ལ།།མདའ་ཧཱུ་མ་ཏས་ལེགས་བྱུགས་ལ།།ཁ་དོག་ལྔ་ཡི་གཟུངས་ཀྱིས་གདགས།།ཚངས་པ་དང་ནི་བརྒྱ་བྱིན་དང་།།ལྷ་མོ་གང་རུང་སྙིང་པོས་དགུག།རྟག་ཏུ
243b4 ཕྱག་རྒྱ་བཞིས་བསྟིམ་ཞིང་།།བདག་ཉིད་ཧ་ཡ་གྲཱི་བ་འམ།།ཡ་མཱན་ཏ་ཀ་ལ་སོགས་པ།།གང་རུང་ཁྲོ་བོ་ར་གསལ་བསྒོམས་ལ།།དྲག་ཏུ་དགུག་ཙོང་བསྟིམ་པར་བྱ།།རྟགས་བྱུང་མཐར་ཐུག་མངོན
243b5 གྱུར་ནས།།ལེགས་ཉེས་དེ་ཡིས་སྨྲ་བར་འགྱུར།།གལ་ཏེ་འདར་ཞིང་མི་བརྗོད་ན།།ོཾ་གྱི་འོད་དང་ཨ་མྲི་ཏས།།ལྷོ་ལ་ཐབས་ཀྱིས་དབང་བསྐུར་ཞིང་།།ཧ་ཡ་གྷེ་བས་གང་མོས་བསྡིགས།།
243b6 ལེགས་པར་སྨྲ་བར་ཐེ་ཚོམ་མེད།།གལ་ཏེ་གསད་པའི་ལས་བྱེད་ན།།གསལ་ལ་བརྟན་ཐོབ་རྣལ་འབྱོར་པས།།དུར་ཁྲོད་ཤིང་གཅིག་བཞི་མདོ་འམ།།ལྷ་འདྲེས་མངོན་དུ་གནས་པའི་སར།།བདག
243b7 ཉིད་ཞེ་སྡང་རྡོ་རྗེ་སྟེ།།དུད་ཁ་ནག་པོ་འོད་འབར་བ།།སྤྱན་བཟློག་མཚོན་ཆ་མེ་ལྟར་འབར།།སྤྲུལ་པའི་ཆར་ལྟར་འཁྲུག་པར་བསམ།།མདུན་དུ་ཧེ་མ་ཁུང་ཁྲུ་གང་ཚད།།གྲུ་གསུམ་དུར་སོལ




iiif viewer powered by OpenSeadragon

243a - 244a

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud