e-texts navigator
Collection
Volume
Page
Wylie

243a1 དམགས་ཏེ།།གང་འདོད་ལས་ལ་མངག་པར་བྱ།།གལ་ཏེ་འཇུག་རྟེན་ཚུམ་ཟས།།དེ་ཡོས་རྣཾས་དང་ཤཱརྒྱལ་བ་དང་།།འཕྲུལ་དུ་བདག་ཉིདའ་འགྱུར།།གང་ཞིག་ཏུ་རྔན།
243a2 བརྟན་པ་ཡིས།།བར་ཆད་མེད་པར་བསྒྲུབས་པའི་ཚེ།།མདངས་ལྡན་ཡིད་འོང་དང་པོ་སྟེ།།དྲི་ཞིམ་འོད་ཆགས་གཉིས་པ་ཡིན།།དགའ་བའི་སྒྲ་སྒྲོགས་གསུམ་པ་ཡིན།།བཀྲག་དང་གཟི་མདུངས
243a3 ཉམས་སོད་ཡིན།།ཞིང་ཚན་ཁ་ནས་དྲི་བྱུང་ན།།ཏིང་འཛིན་རྡོ་རྗེ་སོ་ཡིས་བཅད།།རོ་ལངས་བརྡབས་ན་གསེར་དུ་འགྱུར།།ལྕེ་ཡི་རལ་གྲིས་དེ་བཅད་ན།།ཅིས་ཀྱང་མི་ཚུགས་གོ་མཚོན་ཏེ།།
243a4 ལྷ་མིན་གཡུལ་ཡང་ཕམ་བྱེད་ན།།དཔའ་བོ་སྟོབས་ལྡན་སྨོས་ཅི་དགོས།།དེ་ཡི་དབང་པོ་ལྔ་དག་ལ།།མངོན་ཤེས་ལྔ་ཡི་དངོས་གྲུབ་ཡོད།།རང་གི་རྟོག་པ་ཇི་བཞིན་དུ།།མཁས་པས་བསྒྲུབས
243a5 ན་འགྲུབ་བར་འགྱུར།།གལ་ཏེ་བཅུ་བདུན་བཅོ་བརྒྱད་མེའི།།ཞིང་མཛེས་ཀྱུ་ཞིང་བྱུགས་བྱས་ཏེ།།རྒྱན་དང་གོས་ཀྱིས་ལེགས་པར་གདགས།།དྲི་ཞིང་དབང་པོ་དག་པ་ལ།།བདག་ཉིད་དབང
243a6 དྲག་རྣལ་འབྱོར་གྱིས།།ཡེ་ཤེས་འཇིག་རྟེན་གང་རུང་བའི།།ལྷ་མོ་ཡིད་འོ་འོད་འབར་མ།།སྔགས་དང་ཕྱག་རྒྱ་ས་བཀུག་བཅིངས་ནས།།རྟགས་བྱུང་བར་དུ་བསྟིམ་པར་བྱ།།དྲི་དང་སྒྲ་དང་འོད་དག་དང་།།
243a7 འདར་དང་འགུལ་དང་རྒོད་པ་དག།དང་པོའི་རྟགས་ནི་ཡིན་པར་བཤད།།ལྷ་དང་གཏམེ་དང་གཉིས་པ་སྟེ།།དངོ་སུ་ལངས་པ་ཚད་ཡིན་པས།།དམ་འདར་མནོས་བསྒྲགས་དབང་དུ་སྤུ།




iiif viewer powered by OpenSeadragon

242b - 243b

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud