| | e-texts navigator
|
242b1 ཏིང་འཛིན་བརྟན་པས་ངེས་པར་འགྲུབ།།མོད་ལས་དངོས་པོར་ངོས་གྲུབ་ཅིང་།།མི་འཐུན་བརྒྱད་སོགས་ངེས་འགྲུབ་ན།།ཡོད་དང་སྣང་བའི་འགྲོ་བ་དག།དབང་པོས་བསྒྱུར་བ་སྨོས་ཅི་དགོས།།གལ་ཏེ་གས
242b2 བའི་ལས་བྱས་ན།།ལས་ནི་གཉིས་ཏེ་བརྩམས་པས་འགྲུབ།།བདག་ཉིད་རྟག་པར་སྐྱེས་ནས་ནི།།དབང་བསྐུར་བྱི་ནི་བརླབས་ཀུན་བསྟིབས་ནས།།མདུན་དུ་ཤེལ་གྱི་བུམོ་པ་རུ།།ཐུགས་ལས་ཆུ་ཡི་ལྷ་མོ
242b3 བསྐྱེད།།ཕྱོགས་བཅུའི་རྒྱལ་བ་དེར་གྱུར་ནས།།བུམ་པར་ལྷ་མོ་འོད་དུ་ཞུ།།ནད་དང་སྡུག་བསྔལ་བྱང་བར་བསམ།།དམར་སེར་བ་ཡི་འོ་མ་དང་།།སྨན་དང་རིན་ཆེན་སྤོས་དང་འབྲུ།།བདུད་རྩི་སྙིང་པོ་ཆ་རྐྱེན
242b4 ལ།།མཱ་མ་ཀཱི་ཡི་སྔགས་ཀྱིས་གདབ།།ོཾ་མཱ་མ་ཀཱི་སརྦ་པཱ་པ་དུ་རུ་དུ་རུ་སྭཱ་ཧཱ།།ནད་དང་སྡུག་བསྔལ་ལྡན་པའི་ལུས།།བཀྲུས་པས་འཚེ་བར་ཐེ་ཚོམ་མེད།།བདག་ཉིད་བརྟུལ་ཞུགས་བདེ་ལྡན་པས།།
242b5 སྔོན་དུ་བྱ་བ་སྔོན་སོང་བས།།དགོན་པ་བས་མཐའ་རབ་དབེན་པར།།མ་སྨས་མ་རུལ་ཚད་ལྡན་པའི།།དུར་ཁྲོད་ཞིང་ཆེན་མཚན་ལྡན་ལ།།ཁྲུས་དང་བྱུག་བདུག་ཀུན་བྱས་ནས།།བེ་མོ་ལ་སོགས
242b6 ཡིན་པ་ཡི།།ལྕེས་དེ་ངེས་པར་འགྲུབ་པར་འགྱུར།།དེ་དག་མཎ་ཌལ་གཙང་མ་ཡི།།དབུསུ་ལེགས་པར་བཞག་ནུས་ནི།།བདག་ཉིད་ཁྲོ་བོ་གང་ཡང་རུང་།།གསལ་བར་ཚངས་པ་བརྒྱ་བྱིན་རུང་།།རང
242b7 སྔགས་སྲོག་སྙིང་ཇི་ཡིས་དགུག།ཕྱག་རྒྱ་བཞི་ཡིས་དབབ་པར་བྱ།།གལ་ཏེ་འདར་དང་རྒོད་པ་དང་།།དུ་དང་འཇིགས་པའི་སྒྲ་བྱུང་ན།།དམ་ཚིག་ཕྱག་རྒྱ་བསྟན་པར་བྱ།།དམ་ཆུ་བྱིད་ལ་མནས
iiif viewer powered by OpenSeadragon
242a - 243a