| | e-texts navigator
|
184a1 གོ།ཐུན་མེད་ཐུན་མེང་མ་ཡིན་པའོ།།མཐར་ཐུག་རིམ་པ་ལས་བྱུང་བའོ།།ཀུན་ཀྱང་སེམས་ལྔར་སྣང་བ་སྟེ།།ཐབས་ལས་བྱུང་བའི་ཐིག་ལ་དང་།།ཤེས་རབ
184a2 གསང་བའི་ཐིག་ལེ་དང་།།གཉིས་མེད་བདེ་བ་ལས་བྱུང་བའི།།སེམས་ལྔ་རིམ་པར་སྣང་བར་འགྱུར།།ཐབས་དང་ཤེས་རབ་མཉམ་སྦྱོར་ཞིང་།།སྐུ་དང་གསུང་ཐུགས་ལས་བྱུང་བ།།
184a3 བྱེ་བྲག་བརྒྱང་ཀུ་ནུན་འདུས་པ།།དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཏེ།།སྐུ་གསུང་ཐུགས་དང་ཡེ་ཤེས་ལྔས།།ཐབས་དང་རང་བཞིན་འབྲེལ་བ་ཡིས།།འགྲོ་བ་ཀུན་ལ
184a4 རྒྱ་སྐྲ་བཏབ་པའོ།།སྣོད་བཅུད་དདེ་བའི་རང་བཞིན་གྱིས།།མ་ལུས་ལྷན་ཅིག་སྐྱེས་པར་གནས།།གནས་གང་སྨོན་འཇུག་གནས་མཐར་ཕྱིན།།སྐྱེ་བའི་གཞི་དང་ཐབས་དག་དང་།།
184a5 སྐྱེས་ནས་མཎར་ཕྱིན་ཡེ་ཤེས་ལྔ།།སངས་རྒྱས་ཀུན་གྱི་རང་བཞིན་ཉིད།།ཇི་ལྟ་བ་བཞིན་རྣམ་པར་གནས།།འགྲོ་བ་མོས་པའི་ཁྱད་པར་གྱིས།།གཟུགས་དང་ཁ་དོག་སྔགས
184a6 དང་འོད།།དཀྱིལ།འཁོར་ལ་སྔོག་སོ་སོར་གནས།།གང་ཟག་བློ་དང་འཚམ་པར་བསྟན།།རྟེན་དང་བརྟེན་ཅན་ལས་བྱུང་བའི།།རང་འབྱུང་བདེ་ཆེན་མི་རྟོག་པ།།ལུས་མད་ལུས་ལ
184a7 གནས་པ་ཡི།།ཁྱབ་པ་གཉིས་མེད་གང་ལུའི་ཚུལ།།གང་ཕྱིར་ཟག་མེད་བདེ་བ་ཡི།།ཏིང་འཛིན་བདེ་བ་ཁྱད་པར་ཅན།།རང་བཞིན་བརྟགས་དང་སྣང་བ་དང་།།བྱིན་རློབ་ནུས
iiif viewer powered by OpenSeadragon
183b - 184b