e-texts navigator
Collection
Volume
Page
Wylie

182a1 བ་དང་།།ལ་ལར་ལྷུམས་ཞུགས་བལྟམས་པ་དང་།།དཀའ་ཐུབ་བདུད་བཏུལ་སངས་རྒྱས་ནས།།འཁོར་ལོ་བསྐོར་ཏེ་མྱ་ངན་འདས།།གནས་ལ་ངེས་པ་ཡོད་མིན་ཏེ།།
182a2 དམྱལ་བ་ཡི་དགས་བྱལ་སོང་དང་།།མི་དང་ལྷ་དང་ལྷ་མིན་ཏེ།།སོ་སོའི་གནས་ཏེ་གང་ཡིན་པ།།འགྲོ་བ་འདུལ་ཕྱིར་སྟོན་པའི་གནས།།ལྷ་རྣམས་དང་ནི་མི་རྣམས་དང་།།ལྷ
182a3 མིན་ཡི་དྭགས་དུད་འགྲོ་དང་།།དམྱལ་བ་སོ་སོའི་འགྲོ་རིས་དག།རང་རང་མོས་དང་ལས་དབང་གིས།།འདུལ་ཚུལ་ཐ་དད་དབང་གིས་འཁད།།རང་རང་མོས་པའི་ཕྲད་པའི་ཆ།
182a4 རང་རང་བརྡའི་སྐད་ཐ་དད་པས།།རྟོགས་དང་གྲོ་བར་གང་གྱུར་པ།།རང་རང་ཇི་བཞིན་སྟོན་པའི་དུས།།བསྟན་པའི་ཐེག་པ་སྣ་ཚོགས་ཏེ།།རང་རང་ཞེན་པ་མཐའ་ཡས་ཕྱིར།།
182a5 ཚུལ་དང་མས་པཱའི་དབང་གིས་ན།།ཐེག་པ་སྣ་ཚོགས་ཚུལ་དུ་སྣང་།།ཐེག་ཅིག་མཉམ་པ་ཉིད་ཀྱི་ཚུལ།།གཉིས་དང་གསུམ་དང་བཞི་དང་ལྔ།།དགུ་དང་བརྒྱད་བྲི་ལ་སོགས་པ།།འགྲོ་བ
182a6 འདུལ་བའི་ཚུལ་གྱིས་སྣང་།།སྐུ་དང་གསུང་ཐུགས་ལས་ངག་གིས།།འདུལ་དབང་ཐབས་ནི་སྣ་ཚོགས་ཀྱིས།།ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།།དེ་ཚེ་འགྲོ་བ་སོ་སོ་ཡང་།།རང་གི་བཞི
182a7 དོན་རིག་ནས།།རིམ་པ་ལྔ་འམ་ཐབས་གཅིག་གིས།།རིག་འཛིན་སངས་རྒྱས་ས་ལ་གནས།།རང་རང་ཆ་འཛིན་སྤྲུལ་པའི་ལུས།།སར་གནས་འཁོར་གྱི་དང་པོ་ཡིས།།དེ་དག་ཞུས་པའི།།




iiif viewer powered by OpenSeadragon

181b - 182b

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud