| | e-texts navigator
|
181b1 དབྱིབས་སྤྲོས་པ་མེད།།བརྗོད་མེད་བསྟན་པ་གསུང་མཛད་ཅིང་།།བྱིན་བརླབས་བདེ་ཆེན་མི་རྟོག་པ།།འཁོར་ལ་སྣང་བར་མཛད་པའོ།།མ་ནི་མཱ་ནུ་མ་ཏ་སྟེ།།སྡོམ་བྱེད་དྲན་རྟོག་ཡིད་ཀྱི་དངས།།
181b2 ལས་ཅན་རྣམ་ཤེས་དེ་དག་གིས།།གསལ་བར་གོ་བར་འཁོར་དུ་བརྗོད།།ཆོས་རྣམས་ཀུན་གྱི་ངོ་བོ་ཉིད།།ཐིག་ལེ་བཅུ་དྲུག་སེམས་ལྔའི་དངོས།།མི་རྟོག་ལྷན་ཅིག་སྐྱེས་པའི་དོན།།བྱིད
181b3 བརླབས་མངོན་སུམ་ཚུལ་གྱིས་གསལ།།ཐབས་དང་ཤེས་རབ་གཉིས་མེད་པའི།།ཐིག་ལེ་ཟག་མེད་སྐྱེས་པའི་དུས།།བསམ་མེད་ལྷན་ཅིག་སྐྱེས་པའི་ཚེ།།བདེ་བ་ཆེན་པོའི་དུསུ་འདོད
181b4 ཤེས་པ་རྟེན་དང་བརྟེན་པར་བཅས།།ཐབས་ཀྱི་རིམ་པ་ལ་བརྟེན་ནས།།རླུང་གིས་སྡུས་པའི་དོན་གྱིས་ནི།།རང་རིག་ཐབས་ཀྱི་རྒྱལ་པོར་གསལ།།གང་དང་གང་ལ་གང་དུ་ནི།།གང་གི
181b5 གང་ཚེ་གང་གསུངས་པ།།བརྗོད་འབྱུང་རྩ་བར་དེ་གྱུར་པས།།གླེང་བཞི་ཞེས་ནི་བསྟན་པ་ཡིན།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།།དབྱེར་མེད་ཡེ་ཤེས་གཅིག་གི་དང་།
181b6 རྡོ་རྗེ་འཆང་ཆེན་ཀུན་བཟང་ལས།།སྣ་ཚོགས་སྐུ་ནི་རྣམ་པར་འཕྲུལ།།དེ་ཚེ་རྒྱལ་བ་ཐམས་ཅད་ཀྱང་།།ལྷ་ལ་རྡོ་རྗེ་འཛིན་པ་ཉིད།།ལྷ་མིན་སྟོན་ཕྲག་དོག་རྗེ།།མ~ཾ་ལ་ཐུབ་པའི་དབང་།
181b7 པོ་སྟེ།།བྱོལ་སེང་སྒྲ་ཡིས་འདུལ་མཛད་པ།།ཡིད་དགས་དྲག་པོས་གདུང་བ་སེལ།།དམྱལ་བ་སྡུག་བསྔལ་ཆོས་ཀྱི་རྒྱལ།།གདུལྟ་བའི་སྦྲུལ་སྐུ་ངོ་བོང་ཤར།།ལ་ལ་ལྷ་ལས་འཕོ
iiif viewer powered by OpenSeadragon
181a - 182a