e-texts navigator
Collection
Volume
Page
Wylie

176a1 རྒྱུ་མའི་དཀྱིལ་འཁོར་འཕྲུལ།།རང་སྣང་སྒྱུ་འཕྲུལ་དྲ་བའོ།།རང་བཞིན་མཐའ་དབུས་མེད་པ་ལས།།རྒྱུ་རྐྱེན་ལས་ཀྱིས་སོ་སོར་འཁྲུལ།།དེ་ཉིད་བྱང་ཆུང
176a2 སེམས་ཉིད་དེ།།མཐའ་དབུས་མེད་པར་མཉམ་པར་གནས།།དེ་ལྷོར་སོ་སྔོར་སྣང་བའི་རྒྱུད།།ན་མཁའ་དང་རིས་ཕྱེ་བ་ལྟར།།རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ཡི།།ལམ་གཉིས
176a3 འབྲེལ་པར་མངོན་བསྒོམས་པས།།ཐབས་དང་ཤེས་རབ་དབྱེར་མེད་པའི།།བདེ་ཆེན་ཐིག་ལེ་མངོན་སྣང་བ།།འཇུག་དང་གྲོལ་བའི་ལམ་ཉིད།།སྒྱུ་འཕྲུལ་དྲ་བའི་ལམ་དུ
176a4 བརྗོད།།རང་བཞིན་ཡོངས་ཀྱིས་ཁྱབ་པ་ཡིས།།དངོས་དབང་ཐབས་ཀྱིས་འབྲེལ་པ་ཡིས།།རིག་པ་ཇི་བཞིན་སྟོབས་གྱུར་པས།།ཁྱད་པར་ཐབས་ཀྱི་སྒྱུ་འཕྲུལ་ཡིན།།
176a5 ཐོག་མ་མེད་པའི་རྡོ་རྗེ་སེམས།།ཆོས་ཀུན་རང་གི་ངོ་བོ་ཉིད།།ཟབ་མོ་བསྟན་པ་ཅི་ཡི་ལུང་།།ཐབས་དང་ཤེས་རབ་དབྱེར་མེད་པའོ།།རྟོག་པའི་ཆོ་ག་རྒྱས་པའི་རྒྱུད
176a6 བསྐལ་པ་གྲངས་མེད་སྔོན་རོལ་ནས།།ཤེས་རབ་སྦྱང་དང་སྙིང་རྗེ་ལྡན།།དད་དང་བརྩོན་འགྲུས་དམ་ཚིག་དང་།།ཚོ་གས་དག་པར་སྦྱངས་པ་ཡིས།།དབང་པོ་རབ
176a7 ཀྱི་སྤྱོད་ཡུལ་ཡིན།།རྡོ་རྗེ་གསང་བའི་ཐེག་པ་འདི།།ངོ་བོ་ཉིད་དང་བྱིན་བརླབས་དང་།།མཚོན་དང་རྡོ་རྗེར་གྲུབ་པ་སྟེ།།རྡོ་རྗེ་ཐེག་པ་བདེ་བ་ཆེ།།རང་བཞིན་ངན་དང




iiif viewer powered by OpenSeadragon

175b - 176b

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud