e-texts navigator
Collection
Volume
Page
Wylie

175b1 མཚོན་པ་དང་།།རྩ་བར་གྱུར་པ་ཁོ་ན་ཡིན།།ཐབས་དང་ཤེས་རབ་གཉིས་མེད་པའི།།བྱང་ཆུབ་སེམས་ཉིད་བདེ་བ་ཆེ།།རང་འབྱུང་ཡེ་ཤེས་ཐོག་མཐའ་མེད།།རྡོ་རྗེ་སེམས་དཔའི་བདག
175b2 ཉིད་དེ།རྒྱལ་བའི་བྱིན་བརླབས་རབ་སྣང་བ།།བསམ་གྱིས་མི་ཁྱབ་ཆེ་བ་རྣམས།།འདི་ལས་སྟོན་པས་སྙིང་པོ་སྟེ།།སྙིང་པོ་དང་ནི་འོད་བཞིནོ།།རྒྱུ་དང་འབྲས་བུ་བཅུད་འདུས་པས།།།
175b3 སྙིང་པོ་ཞེས་ནི་བཤད་པ་ཡིན།།གང་ཕྱིར་ཐམས་ཅད་བྱང་ཆུབ་སེམས།།མཐའ་དབུས་ཡོངསུ་མ་ཆད་པ།།དངོས་པོ་གསུམ་གྱིས་ཁྱབ་གྱུར་པ།།ཡོངསུ་རྫོགས་པའི་རྒྱུ་ཡིན།།
175b4 ཐབས་དང་ཤེས་རབ་དབྱེར་མེད་པའི།།དེ་བཞིན་ཉིད་དུ་རྡོ་རྗེས་རིག།བདག་དང་གཞན་དོན་ནུས་པ་རྫོགས།།འབྲས་བུའི་དེ་ཁོ་ན་ཉིད།།གང་ཕྱིར་དངོས་གཉིས་ཐ་དད་པོར།།
175b5 ལོག་པར་བརྟགས་པའི་སྣང་བ་རྣམས།།མུན་ལ་སྣང་དང་གསེར་འགྱུར་ལྟར།།རོ་གཅིག་ཐབས་ཀྱིས་དེ་ཁོ་ན།།དེ་ཕྱིར་དེ་ཁོ་ན་ཞེས་བརྗོད།།དངོས་པོ་སྣ་ཚོགས་དབྱར་མེད་པའི།།
175b6 ཐ་དད་དོན་མིན་དྲོན་གཅིག་མིན།།དེ་ཉིད་གསང་བའི་ངེས་པ་ནི།།གཞི་དང་ལམ་དང་ངོ་བོ་དང་།།ངེས་པས་ངེས་པ་གསུམ་དུ་བསྟན།།གང་དུ་ཐེག་པ་བཞི་གསུངས་པ།།འགྲོ
175b7 བ་འདྲེན་ཕྱིར་མ་ངེས་པ།།རོ་གཅིག་ཐེག་པར་ངེས་གནས་པ།།ངེས་པའི་ཐེག་པ་བླ་ན་མེད།།རང་བཞིན་མ་བཅོས་རང་བྱུང་ལས།།བྱ་བྱེད་དང་གིས་བྲལ་བ་ཡི།།སྣ་ཚོགས




iiif viewer powered by OpenSeadragon

175a - 176a

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud