| | e-texts navigator
|
174a1 རྟོག་པའི་རྒྱལ་པོ་དེ།།སྒྱུ་འཕྲུལ་དྲ་བ་བླན་མེད།།ཀུན་ལས་འབྲས་བུ་ཐུགས་ཆུད་པ།།ཆོ་ག་རྒྱས་པར་བཤད་པའི་རྒྱུད།།སྐལ་ངན་རྣམས་ཀྱིས་མ་རྟོགས་པའི།།
174a2 གསང་བ་གསང་ཆེན་མདོ་སྡེ་དང་།།འདུལ་པོ་ཆོས་ཀྱི་ཕུང་པོ་དག།ན་མཁའ་མཐའ་ཐུག་བཤད་པ་ཀུན།།གསང་བའི་སྙིང་པོ་ལས་འཕྲོས་པས།།ཇི་སྙེད་བསྐྱེད་དང་རྫོགས
174a3 པའི་ལམ།།མ་ལུས་ཀུན་གྱི་སྙིང་པོ་འདི།།ཐེག་པ་དམན་དང་མ་སྦྱངས་དང་།།རིགས་ཆད་དབང་དང་མན་ངག་བྲལ།།ཇི་ལྟར་བལྟས་ཀྱང་མི་སྣང་བ།།སྐྱེས་བུ་མཆོག་གི་སྤྱོད
174a4 ཡུལ་ལས།།རྡུལ་སྙེད་སྦྱངས་པའི་གང་ཟག་ལ།།གསང་ཕྱིར་གསོང་བའི་ཐབས་དག་གིས།།དངོས་གྲུབ་མཐའ་ཡས་གྲུབ་ཕྱིར་བསྟན།།ཕྱི་ནང་སྣོད་བཅུད་མ་ལུས་པའི།
174a5 རྟེན་དང་རྟེན་པར་བཅས་པའི་ཆོས།།ཇི་ལྟར་གྲགས་དང་གྲགས་གྱུར་པའི།།ཐམས་ཅད་མ་ལུས་རྒྱུ་གཅིག་ཀྱང་།།རྐྱེན་སྟོབས་ནུས་པ་སོ་སོར་སྣང་།།ཁྱད་པར་རིམ
174a6 པར་གྲང་གནས་པ།།རང་བཞིན་གདུལ་བྱ་བ་དེར་གཤེགས་དང་།།འཁྲུལ་པའི་དབང་གིས་སོ་སོར་སྣང་།།མ་བཅོས་དང་ལ་ཐ་དད་མེད།།རང་སྣང་ལས་ཀྱིས་ཐ
174a7 དད་པའི།།བྱེ་བྲག་རྣམ་པར་བསྟན་པ་ཀུན།།དེ་བཞིན་ཉིད་ལ་དགོད་བྱའི་ཕྱིར།།རྒྱལ་མཆོག་བདེ་ཆེན་ཡོངས་གང་བས།།དྲི་བའི་དོན་འདི་ལུང་བསྟེན་ཅིང་།།ཐབས
iiif viewer powered by OpenSeadragon
173b - 174b